པར་རིས་གསར་འགྱུར།

ཟླ་6ཚེས་3ཉིན། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གི“གྲོང་གསེབ་དར་རྒྱས་ཆེད། གཞོན་ནུའི་ངར་ཤུགས་སྒྲིལ”ཞེས་པའི་ལན་ཆིའུ་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་ཞིག་ཤང་དེའི་ལན་ཆིའུ་སྤོ་ལོ་ཁང་དུ་ཚ་ཚ་འུར་འུར་ངང་སྤེལ་བ་རེད། འགྲན་བསྡུར་ཐོག“འགྲན་སློང་ལ་མི་སྐྲག་པར་སྤོ་ལོ་རྩེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་སྔར་བས་དམ་ཚགས་སུ་བཏང་བ་དང་གཞི་རིམ་གྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱ་ཆེའི་གཞོན་ནུས་གཞི་རིམ་ལ་གཞི་ཚུགས་པ་དང་འགན་འཁུར་ལས་སྒྲུབ་ཀྱི་ཧུར་སེམས་གང་ལེགས་འཕེལ་བར་བྱས་ཏེ། སྤུས་ཚད་མཐོ་པོས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་གཞོན་ནུའི་ངར་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།