ཇོ་མོ་གླང་མའི་འདབས་སུ་ས་གཡང་གཏོང་བ།

འདི་ནི་པ་གསུམ་གྲོང་ཚོའི་ཡུལ་མི་ཚོས་ས་གཡང་སྐབས་སྲོལ་རྒྱུན་གྱི་ཞབས་བྲོ་འཁྲབ་བཞིན་པ།

འདི་ནི་པ་གསུམ་གྲོང་ཚོའི་ཡུལ་མིས་ས་གཡང་སྐབས་རྟ་རྒྱུག་འགྲན་བསྡུར་བྱེད་བཞིན་པ།
ཟླ་6ཚེས་4ཉིན། ཇོ་མོ་གླང་མའི་འདབས་སུ་གནས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་གྲོང་རྡལ་པ་གསུམ་གྲོང་ཚོར་ལོ་གཅིག་དུས་གཅིག་གི་ས་གཡང་བཏང་བ་རེད། ས་གཡང་ནི་ལོ་ལེགས་ཡོང་བར་སྨོན་འདུན་ཞུ་བའི་བོད་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་ཞིང་། དེ་ཉིན་ཡུལ་མི་རྣམས་མཉམ་དུ་འཛོམས་ཏེ་རྟ་རྒྱུག་འགྲན་བསྡུར་དང་སྲོལ་རྒྱུན་གྱི་གླུ་གར་འཁྲབ་སྟོན་སོགས་བྱས་ནས་དུས་ཆེན་དགའ་གཏོང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།