བཟོ་པ་ཚོས་རྐང་ཐང་བགྲོད་ལམ་ཉམས་བཟོ་བྱེད་བཞིན་པ།

ཉེ་ཆར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་ཁུལ་ཁོངས་ཁག་གཅིག་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་ཅིང་། ལྷ་ས་གྲོང་ཁྱེར་གྲོང་དོན་བདག་སྐྱོང་བཟོ་པ་ཚོས་ཚ་གདུག་ཁྱད་དུ་བསད་ནས་ལམ་ངོས་ཉམས་བཟོ་ཞིབ་ཚགས་བྱེད་པ་དང་། བརྟན་པོ་མེད་པའི་སོ་ཕག་ཡང་བསྐྱར་འདིང་བ་དང་བརྟན་དུ་གཏོང་བ། གཏོར་སྐྱོན་ཕོག་པའི་སོ་ཕག་བརྗེ་པོ་རྒྱག་པ་བཅས་བྱས་ནས་ལམ་ངོས་ཁོད་སྙོམས་པ་དང་སྲུབས་ཀ་མེད་པར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཉམས་བཟོ་ལ་ཁག་བགོས་བྱེད་སྟངས་སྤྱད་དེ་ཡུག་གཅིག་ཉམས་བཟོ་བྱས་རྗེས་ཡུག་གཅིག་སྒོ་ཕྱེ་ནས་གྲོང་མི་དང་ཡུལ་སྐོར་བར་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། འདི་ནི་བཟོ་པ་ཚོས་རྐང་ཐང་བགྲོད་ལམ་ཉམས་བཟོ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།