ཏང་འཛུགས་སྣེ་ཁྲིད་ཞིང་ཕན་ལས་ལ་བྲེལ། འཐབ་ས་དང་པོར་འབབ་འཕར་ཡོང་བར་སྐུལ།

འདི་ནི་མེ་ཏོག་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པས་ཇ་ལོ་འཐུ་བཞིན་པ།

འདི་ནི་བཏུས་པའི་ཇ་ལོ་སོས་པ་ཡིན་པ།
ཉེ་དུས། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་གཞོན་ནུ་ལས་བྱེད་ཉེན་རྟོག་པ་10སྒྲིག་འཛུགས་བྱས་ནས“ཏང་འཛུགས་སྣེ་ཁྲིད་ཞིང་ཕན་ལས་ལ་བྲེལ། ཞིབ་དཔྱོད་མི་སྣས་འབབ་འཕར་ཡོང་བར་སྐུལ”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། གྲོང་སྡོད་ལས་དོན་པས་ས་གནས་ས་ཐོག་ཏུ་འཐུ་སྟངས་བསླབས་པས་ལས་བྱེད་ཉེན་རྟོག་པས་སི་ར་འཁྱེར་བཞིན་ཉིན་གང་ཇ་ལོ་སོས་པ་བཏུས་ཏེ། མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོར་ཞིང་རོགས་ཇ་འཐུ་དང་དམངས་འདོད་བསྡུ་རུབ་ཟུང་འབྲེལ་གྱིས། བྱ་སྤྱོད་དངོས་ལ་བརྟེན་ནས“ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་རྒྱས་ཟུང་དུ་འབྲེལ་བའི”ཞིབ་ཕྲའི་ལག་ལེན་བྱེད་ཟབ་ཏུ་བཏང་སྟེ་གྲོང་གསེབ་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།