ནུས་གསོག་གློག་ཁང་བསྐྲུན་ནས་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

ཉེ་བའི་ལོ་ཤས་རིང་། ཉིང་ཞ་དབུས་ཁུལ་གྱི་ཐན་ཁུལ་དུ་གནས་པའི་ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ཐུང་ཤིན་རྫོང་གིས་ས་གནས་དེ་གའི་རང་བྱུང་ཆ་རྐྱེན་གྱི་ལེགས་ཆ་སྤྱད་དེ། རླུང་གློག་དང་འོད་ཤུགས་སོགས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ནུས་རྒྱུ་གསར་པའི་གློག་ནུས་ཡག་པོ་འདྲེན་སྤྱོད་ཐུབ་པར་བྱ་ཆེད། ཐུང་ཤིན་རྫོང་གིས་ནུས་གསོག་གློག་ཁང་སྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་སྟེ། ས་ཁོངས་ཀྱི་གློག་དྲ་སྙོམ་སྒྲིག་བྱེད་ཚད་རྒྱུན་མཐུད་མཐོ་རུ་དང་ས་གནས་དེ་གའི་ནུས་རྒྱུའི་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་ལྗང་མདོག་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། འདི་ནི་ཟླ་5ཚེས་19ཉིན་པར་བླངས་པའི་ཉིང་ཞ་ཐུང་ཤིན་རྫོང་དུ་གནས་པའི་ཐུང་ཤིན་རྫོང་མེའོ་ལིང་གི་1GW/2GWhནེ་ཆིང་མཉམ་བསྲེས་མཉམ་སྤྱོད་ནུས་གསོག་དཔེ་སྟོན་རྣམ་གྲངས་གསར་པ(མི་མེད་གནམ་གྲུས་པར་བརྒྱབ)ཡིན་ཞིང་། རྣམ་གྲངས་དེ་མིག་སྔར་དྲ་སྦྲེལ་ཐུབ་ནས་སྤྱོད་འགོ་ཚུགས་ཡོད།
འབྲེལ་ཡོད་གསར་འགྱུར།