ཁྱད་ལྡན་སློབ་ཚན་གྱིས་སློབ་མའི་སྣ་མང་ཅན་གྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།

2026ལོའི་ལོ་འགོ་ནས་བཟུང་། ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིང་ཀྲུའུ་ཅི་གྲོང་ཁྱེར་དུས་རབས་གསར་པའི་སློབ་ཆུང་གིས་རེས་གཟའ་ལྷག་པའི“སྦྱོང་ཚན་མེད་པའི་ཉིན་མོ”དེ“འཚར་ལོངས་ལ་མཐུན་རྐྱེན་སྦྱོར་བའི་ཉིན་མོར”མཐོར་འདེགས་བྱས་ནས་སྲོལ་རྒྱུན་རིག་གནས་དང་། ལུས་རྩལ་ལུས་སྦྱོང་། སྒྱུ་རྩལ་བྱང་ཚད། ཚན་རྩལ་གསར་གཏོད། ཕྱོགས་བསྡུས་ལག་ལེན་བཅས་ཁྱབ་ཁོངས་ཆེན་པོ་ལྔ་ལ་ཁྱབ་པའི་ཆེད་ལས་དགེ་རྒན་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ནང་འདྲེན་བྱས་ཏེ“འཚར་ལོངས་ལ་མཐུན་རྐྱེན་སྦྱོར་བའི་ཁྱད་ལྡན་སློབ་ཚན”40ལྷག་ཙམ་བཟོས་ནས། “སྦྱོང་ཚན་མེད་པའི་ཉིན་མོའི”སློབ་མའི་སློབ་གསེང་གི་སྐབས་སུ་ནང་དོན་ཕུན་སུམ་ཚོགས་པ་དང་སྤྲོ་སྣང་ཆེན་པོ་ལྡན་པའི་དགའ་ཕྱོགས་སློབ་ཚན་བདམས་ཐུབ་པའི་འགན་ལེན་བྱས་པ་དང་། སློབ་མའི་སློབ་གསེང་སྐབས་ཀྱི་བྱེད་སྒོའི་སྤུས་ཚད་མཐོ་རུ་བཏང་སྟེ་སློབ་མའི་སྣ་མང་ཅན་གྱི་འཕེལ་རྒྱས་ཀྱི་དགོས་མཁོ་བསྐངས་ཡོད། འདི་ནི་ཟླ་5ཚེས་13ཉིན། ཀྲུའུ་ཅི་གྲོང་ཁྱེར་དུས་རབས་གསར་པའི་སློབ་ཆུང་གི་སློབ་མ་ཚོས་དྲག་རྩལ་གྱི་ཁྱད་ལྡན་སློབ་ཚན་འཚོག་བཞིན་པ།
འབྲེལ་ཡོད་གསར་འགྱུར།