སྤྲོ་སྣང་ལྡན་པའི་ལུས་རྩལ། བདེ་ཐང་གིས་ཕྱུག་པའི་ལྷ་ས།

ཉིན་ཤས་གོང་། དུས་ཡུན་ཉིན་བཞི་རིང་གི“སྤྲོ་སྣང་ལྡན་པའི་ལུས་རྩལ། བདེ་ཐང་གིས་ཕྱུག་པའི་ལྷ་ས”ཞེས་པའི་མི་གསུམ་ལུགས་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་འགོ་ཚུགས་ཤིང་། ཁྱོན་རུ་ཁག་17གྱི་རུ་མི་100ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཡོད་པ་རེད། འགྲན་བསྡུར་ནང་ལོ་ན་དང་། ཕོ་མོ། ལས་རིགས་སོགས་ཀྱི་ཚད་བཀག་གང་ཡང་མེད་པར་དམངས་ཡོངས་ཞུགས་ཆོག་པ་དང་། ལྷ་ས་གྲོང་ཁྱེར་གྱི་ལས་རིགས་ཁག་གི་ལན་ཆིའུ་སྤོ་ལོར་དགའ་པོ་ཡོད་མཁན་ཚང་མ་འགྲན་རར་འགྲན་བསྡུར་བྱེད་ཆོག་གི་ཡོད་ཅིང་། འདི་ནི་འགྲན་བསྡུར་བྱ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།