གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས།
མེ་ཟོན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་ལ་ཤུགས་སྣོན་བརྒྱབ་ནས་རོགས་སྐྱོབ་འཇོན་ཐང་ཆེ་རུ་བཏང་བ།

མེ་གསོད་རུ་མིས་ཚན་པའི་འགན་འཁུར་བ་དང་མཉམ་དུ་སྐྲུན་དངོས་ཕྱི་རོལ་གྱི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་གློག་སྐུད་དང་བདེ་འཇགས་ཐོན་སྒོ་སོགས་འགག་རྩའི་གནས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱེད་པ།

མེ་ཟོན་ལྟ་སྐུལ་མི་སྣས་ས་གནས་ས་ཐོག་ཏུ་གྲངས་གཞིར་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་གྱི་གསལ་ཐོ་གསེད་བཀྲོལ་བྱས་པ་མ་ཟད། ཐོ་འགོད་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ་ལྟ་སྐུལ་ཁྲིམས་སྒྱུར་གྱི་ཆུ་ཚད་མཐོ་རུ་བཏང་བ།

མེ་གསོད་རུ་མིས་གསོལ་མགྲོན་ཁང་གི་མགྲོན་ཁང་དུ་ཁ་འགྲེམས་ནང་སྦྱོང་དང་། དུག་འགོག་ཡོ་བྱད་སྤྱོད་སྟངས། རང་སྐྱོབ་བྱེད་ཐབས་བཅས་བསླབས་ཏེ་མང་ཚོགས་ཀྱི་མེ་ཟོན་སྔོན་འགོག་ནུས་པ་ཆེ་རུ་བཏང་བ།

མེ་ཟོན་རུ་མིས་མེ་གསོད་སྒྲིག་ཆས་ལ་ཞིབ་བཤེར་བྱས་ནས་འགག་རྩའི་དུས་སུ་སྤྱོད་ཐུབ་པ་བྱེད་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་ཇོ་རི་ལམ་གྱི་མེ་གསོད་རོགས་སྐྱོབ་ས་ཚིགས་ཚོད་ལྟའི་ཚད་ཤིང་དུ་བྱས་ཏེ“མེ་ཟོན་མཉམ་སྒྲུབ”ཀྱི་བྱེད་ཐབས་མཉམ་འདྲེས་དོན་འཁྱོལ་བྱ་རྒྱུ་མུ་མཐུད་ཟབ་ཏུ་བཏང་ནས་མེ་སྐྱོན་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་དངོས་འཐབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།