སྒྲོག་འགྲེལ་གནད་ལ་འཁེལ་བ།

འདི་ནི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སོག་རྫོང་ཁྲལ་དོན་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ལོ་ཆུང་བྱིས་པ་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་དུ་གདན་དྲངས་ནས“དཔྱ་ཁྲལ་སྐོར་གྱི་བཅའ་ཁྲིམས་ཉམས་ལེན་ཁང་ཆུང་ཆུང”གི་བྱེད་སྒོ་སྤེལ་བཞིན་པ།

འདི་ནི་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དཔལ་མགོན་རྫོང་ཁྲལ་དོན་ཅུས་ཀྱིས“སྲིད་ཇུས་སྒོ་རྩར་སྒྲོག་འགྲེལ་བྱེད་པའི”བྱེད་སྒོ་སྤེལ་ནས་ཁྲལ་གྲོན་སྲིད་ཇུས་ཀྱི་ལག་དེབ་སྤྲོད་པ་དང་། གློག་རྡུལ་ཁྲལ་དོན་ཅུས་བཀོལ་སྤྱོད་བྱེད་སྟངས་དང་འཛིན་ཤོག་འབྲི་སྟངས་སོགས་དམར་ཁྲིད་བྱས་ཏེ། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ལུགས་མཐུན་གཉེར་སྐྱོང་དང་ཁ་དན་ཚིག་གནས་ངང་ཁྲལ་འཇལ་རྒྱུར་ཁྲིད་སྟོན་བྱེད་བཞིན་པ།
རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་དྲིལ་བསྒྲགས་ཟླ་བ་35པའི་རིང་། རང་ལྗོངས་ཀྱི་རིམ་ཁག་ཁྲལ་དོན་སྡེ་ཚན་གྱིས“ཁྲལ་བསྡུ་དང་། ཁྲིམས་སྐྱོང་། དྲང་གཞག”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་ཁྲལ་བསྡུའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། ཁྲིམས་ལྟར་ཁྲལ་འཇལ་དང་ཁྲིམས་སྲུང་གཉེར་སྐྱོང་གི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།