དབུ་ཤོག>པར་མཛོད།
  • ཁྱད་ལྡན་ཞབས་ཞུས་སྔར་བས་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-22

    འདི་ནི་ལས་མིས་མག་པ་དང་མནའ་མར་གཉེན་སྒྲིག་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་བཞིན་པ།

    འདི་ནི་མག་པ་དང་མནའ་མས་གཉེན་སྒྲིག་ལག་ཁྱེར་བླངས་རྗེས་གཉེན་ཉེ་དང་དྲན་རྟེན་པར་རྒྱག་བཞིན་པ།

    ཟླ་5ཚེས་20ཉིན་གྱི་ཚེས་གྲངས་ནི་རྒྱ་སྐད་ཀྱི་སྒྲ“ང་ཁྱེད་ལ་དགའ”ཞེས་པ་དང་འདྲ་བས། ལྷ་ས་གྲོང་ཁྱེར་གཉེན་སྒྲིག་ཐོ་འགོད་བྱེད་སར་གཉེན་སྒྲིག་ཐོ་འགོད་བྱེད་མཁན་མང་པོ་ཞིག་སླེབས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་གཉེན་སྒྲིག་ཐོ་འགོད་སྐར་ཁུང་གིས་སྔ་སྣུར་དུ་སྤྱི་འདོམས་དང་ཞབས་ཞུའི་བྱེད་ཐབས་ལེགས་སུ་བཏང་ནས་སྐར་ཁུང་མང་དུ་གཏོང་བ་དང་ཐོ་འགོད་བརྒྱུད་རིམ་མགྱོགས་སུ་བཏང་ནས། བརྒྱུད་རིམ་ཧྲིལ་པོར་མི་སེམས་དྲོ་བར་བྱེད་པའི་ཁྲིད་སྟོན་དང་སྙིང་ཉེ་བའི་ཞབས་འདེགས་ཞུས་ཏེ། ནུས་ཤུགས་ཡོད་རྒུས་སྒུག་ཡུན་ཐུང་དུ་བཏང་ཡོད། ད་དུང་ལག་ཁྱེར་བླངས་པའི་མག་པ་དང་མནའ་མས་གཉེན་སྒྲིག་ལག་ཁྱེར་ལ་བརྟེན་ནས་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་དྲོ་སྐྱིད་ལྡན་པའི་ལག་རྟགས་ལེན་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།