དབུ་ཤོག>པར་མཛོད།
  • ཕྲུ་གུ་ཆུང་ཆུང་མེ་གསོད་སྦྱོང་བརྡར་ལ་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-16

    ཉེ་ཆར། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་དགེ་སློབ་ཚོ་ལྷ་ས་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་ཉིང་ལག་རུ་ཁག་རུ་ཆེན་གཉིས་པའི་ལྷོ་རི་སྤྱི་གླིང་ནགས་ཚལ་མེ་ཟོན་ས་ཚིགས་སུ་བསྐྱོད་དེ་ཕྱི་རོལ་གྱི་ལག་ལེན་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། བཀོད་འཐབ་པས་དགེ་སློབ་ཀྱི་སྣེ་ཁྲིད་དེ་ནང་ཁུལ་སྒྲིག་བཀོད་ལ་ལྟ་སྐོར་བྱས་ནས་ས་གནས་ས་ཐོག་ཏུ“མལ་ཆས”ལྟེབ་རྩེག་རྒྱག་སྟངས་བསླབས་པ་དང་། སྒྲིག་ཆས་འགྲེམས་སྟོན་བྱས་ཏེ་རླུང་ཤུགས་མེ་གསོད་འཕྲུལ་ཆས་དང་སྐྱོབ་གོས་སོགས་ཆེད་ལས་སྒྲིག་ཆས་ཀྱི་ནུས་པ་དང་སྤྱོད་ཐབས་གསལ་པོ་བཤད་པ་དང་འབྲེལ། ཕྲུ་གུ་ཚོར་སྐྱོབ་གོས་གྱོན་དུ་བཅུག་པའམ་མེ་ཟོན་དྲིལ་བསྒྲགས་ལག་དེབ་སྤྲད་དེ“བདེ་འཇགས་ཀྱི་དྲིལ་བསྒྲགས་པ་ཆུང་ཆུང”ཞིག་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད། འདི་ནི་ཕྱི་རོལ་གྱི་ལག་ལེན་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།