དགའ་སྤྲོའི་ངང་གུང་གསེང་ལ་རོལ་བ།

པེ་ཅིང་།འདི་ནི་ཟླ་5ཚེས་4ཉིན་ཡུལ་སྐོར་བ་མང་པོས་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་ཡུས་ཏུང་ཉེ་འདབས་སྤྱི་གླིང་གི་མཛེས་ལྗོངས་ལ་ལྟ་བཞིན་པ།

ཅང་སུའུ།འདི་ནི་ཟླ་5ཚེས་4ཉིན་ཡུལ་སྐོར་བས་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཤོན་ཝུའུ་མཚེའུ་སྤྱི་གླིང་དུ་གྲུ་གཟིངས་བཏང་ནས་སྤྲོ་གསེང་ལ་རོལ་བཞིན་པ།

ཀོང་ཤིས།འདི་ནི་ཟླ་5ཚེས་4ཉིན་ཡུལ་སྐོར་བས་ཀོང་ཤིས་ཁྲུང་ཙུའོ་གྲོང་ཁྱེར་ཏ་ཤིན་རྫོང་ཏེ་ཐེན་རྒྱལ་སྒྲོལ་རྦབ་ཆུའི་མཛེས་ལྗོངས་ཁུལ་དུ་སྐྱོད་བཞིན་པ།

ཁྲུང་ཆིང་།འདི་ནི་ཟླ་5ཚེས་4ཉིན་ཡུལ་སྐོར་བས་ཁྲུང་ཆིང་གྲོའུ་ཧྲུའེ་གནའ་བོའི་གྲོང་རྡལ་དུ་གྲུ་གཟིངས་བཏང་ནས་རྩེད་འཇོར་རོལ་བཞིན་པ།

ཀན་སུའུ།འདི་ནི་ཟླ་5ཚེས་3ཉིན་ཡུལ་སྐོར་བ་གྲུ་གཟིངས་ལ་བསྡད་དེ་ཀན་སུའུ་ལིའུ་ཅ་ཞ་ཆུ་མཛོད་ཀྱི་ཆུ་ཁོངས་སུ་སྐྱོད་བཞིན་པ།
“ལྔ་གཅིག”གི་གུང་གསེང་རིང་། མི་རྣམས་ཕྱིར་བསྐྱོད་དེ་རྩེད་འཇོ་དང་སྤྲོ་གསེང་ལ་རོལ་ནས་གུང་གསེང་དགའ་གཏོང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།