དབུ་ཤོག>པར་མཛོད།>པར་མཁན།
  • རླངས་འཁོར་10800སྐྱེལ་འདྲེན་ཐུབ་པའི་གོ་ལ་ཧྲིལ་པོའི་གྲུ་གཟིངས་ཨང་དང་པོར་མིང་བཏགས་ནས་རྩིས་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-30

    འདི་ནི་ཟླ་4ཚེས་28ཉིན་ལས་དོན་པ་ཞིག་རྩིས་སྤྲད་མ་ཐག་པའི་སྐྱེལ་འདྲེན་གྲུ་གཟིངས་ཀྱི་འཁྲིས་ནས་འགྲོ་བཞིན་པ།

    ཟླ་4ཚེས་28ཉིན། ཀྲུང་གོ་གྲུ་གཟིངས་ཀོང་ཀྲོའུ་གྲུ་གཟིངས་རྒྱལ་སྤྱིའི་ཀུང་སི་དང་ཀྲུང་གོ་གྲུ་གཟིངས་ཚོང་དོན་ཀུང་སིས་མཉམ་འབྲེལ་ཐོག་བཟོས་པའི་རླངས་འཁོར་10800དབོར་ཐུབ་པའི་གོ་ལ་ཧྲིལ་པོའི་སྐྱེལ་འདྲེན་གྲུ་གཟིངས་ཨང་དང་པོ(PCTC)“ཀེ་ལུའོ་ཝུའེ་ཧྲི་མཚོ་འགྲུལ་སྣེ་ཁྲིད”ཅེས་པ་དེ་ཀོང་ཀྲོའུ་ཡི་ནན་ཧྲར་མིང་བཏགས་ནས་ཧན་གོའི་HMMཀུང་སིར་རྩིས་སྤྲད་པ་རེད། གྲུ་གཟིངས་རྐྱང་པའི་ནང་དབོར་ཚད་ཆེ་ཤོས་རླངས་འཁོར་10800ཟིན་ནས་གོ་ལ་ཧྲིལ་པོའི་རིགས་མཚུངས་གྲུ་གཟིངས་ཀྱི་སྐྱེལ་འདྲེན་ནུས་ཤུགས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། དེ་ཐོག་ནས་རང་རྒྱལ་གྱི་གྲུ་གཟིངས་རྩེ་གྲ་བཟོ་བའི་འཇོན་ཐང་ལ་ཚད་བརྒལ་གསར་པ་བྱུང་སྟེ་གོ་ལ་ཧྲིལ་པོའི་མཚོ་འགྲུལ་ལས་རིགས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ཆེད“ཀྲུང་གོའི་ཇུས་གཞི”བཏོན་པ་མཚོན་གྱི་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།