དབུ་ཤོག>པར་མཛོད།
  • དཔེ་ཀློག་གི་ལམ་ལ་ཆས། རིག་གནས་སེམས་སུ་འཇགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-25

    འདི་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་2026ལོའི་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་31པའི་གྱེར་འདོན་འགྲན་བསྡུར་ཆེ་མོ་བྱ་ཡུལ་ཡིན་པ།

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ཤིན་ཧྭ་དཔེ་ཚོང་ཁང་གིས“དཔེ་ཀློག་ལམ་ལ་ཆས། རིག་གནས་སེམས་སུ་འཇགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དཔེ་ཀློག་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། འདི་ནི་བརྗོད་དོན་གཙོ་བོའི་རྩོམ་རིག་གི་དོ་ར་ཆེ་མོ་ཡིན་པ།

    ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གིས“དཔེ་ཀློག་མཉམ་སྤྱོད་ཀྱི་བྱེད་སྒོ་སྤེལ། ཤེས་དཔལ་ལག་ལེན་གྱི་མདུན་སར་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་ཞིང་། འདི་ནི་སློབ་མ་ཚོས་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱེད་བཞིན་པ།

    དཔྱིད་ཀ་ཤར་ནས་མེ་ཏོག་བཞད་པའི་དུས་ནི་དཔེ་ཆ་ཀློག་པའི་དུས་རང་རེད། འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་31པ་ཤར་བའི་མཚམས་སུ། རང་ལྗོངས་ཀྱི་ས་གནས་ཁག་གིས་དཔེ་ཀློག་བྱེད་སྒོ་སྣ་ཚོགས་སྤེལ་བས། དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པ་བཅས་ཀྱི་རྣམ་པ་ཟབ་ནས་ཟབ་ཏུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།