དབུ་ཤོག>པར་མཛོད།
  • “རླུང་གློག”ཡུལ་ལྗོངས་ལྷག་པར་མཛེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-22

    ཀྲུང་གོ་ཉིང་རྡུལ་ས་སྐྱའི་ཆན་ཝ་ཁྲི་30ཟིན་པའི་རླུང་གློག་གསོག་འཇོག་གཞི་གཅིག་ཅན་གྱི་རྣམ་གྲངས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་གནས་ཡོད་པ་དང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་12ཙམ་བཏང་བ་དེའི་ནང་འོད་ཤུགས་ཆན་ཝ་ཁྲི་10དང་། རླུང་གློག་ཆན་ཝ་ཁྲི་20དང་དེ་བཞིན་དེ་མཚུངས་ཀྱི་ལེ་ལག་ཆ་ཚང་། གློག་གསོག་སྒྲིག་ཆས་དང་གནོན་ཤུགས་འཕར་ཚུགས་སྒྲིག་ཆས་བཅས་ཚུད་ཡོད་པ་དང་2024ལོའི་ལོ་མཇུག་ཏུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་ཀྱི་ལོའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5.46ལས་བརྒལ་ཡོད་པ་དང་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་16.4གྲོན་ཆུང་ཐུབ་པ་མ་ཟད། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་45ཙམ་དང་ཏན་འདྲེས་དབྱང་འགྱུར་འབུད་ཚད་ཏུན་72.64ཙམ་ཉུང་དུ་ཕྱིན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཏེ། ས་མཐོའི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད། འདི་ནི་ཀྲུང་གོ་ཉིང་རྡུལ་ས་སྐྱའི་ཆན་ཝ་ཁྲི་30ཟིན་པའི་རླུང་གློག་གསོག་འཇོག་གཞི་གཅིག་ཅན་གྱི་རྣམ་གྲངས་ཀྱི་ཟུར་ཞིག་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།