རྐང་རྩེད་སྤོ་ལོའི་ཐང་དུ་རྐང་རྩལ་ངོམ།


ཟླ་4ཚེས་17ཉིན《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་པའི“ས་མཐོའི་ཚགས་པར་བ”བུམ་པའི་རུ་མི་ལྔ་ཅན་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་། རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་སོགས་ལས་ཁུངས་ཀྱི་འཐུས་མིའི་རུ་ཁག་རྐང་རྩེད་སྤོ་ལོའི་ཐང་དུ་འཛོམས་ནས་འགྲན་བསྡུར་འཁྲུག་པོ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།