ཇ་ཤིང་རི་བོ་དང་དཔྱིད་ཀྱི་ཉམས་བཟང་།

འདི་ནི་ཇ་ལས་ཞིང་པས་ཧུའུ་པེ་ཞིང་ཆེན་ཙི་ཀུའེ་རྫོང་མའོ་ཕིང་གྲོང་རྡལ་གྱི་ཇ་ཞིང་ར་བར་ཇ་ལོ་སོས་པ་འཐུ་བཞིན་པ།

འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཏན་ཀྲའེ་རྫོང་ལུང་ཆོན་གྲོང་རྡལ་མ་ཀྲའེ་གྲོང་ཚོའི་ཇ་ཞིང་ར་བར་སློབ་མ་རྣམས་ཀྱིས་ཇ་ལོ་འཐུ་སྟངས་ཉམས་ལེན་བྱེད་བཞིན་པ།

འདི་ནི་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཆན་ཏའོ་མཚེའུའི་ཇ་ལོ་ཁྲོམ་རར་དཔྱིད་དུས་ཀྱི་ཇ་ལོ་དབྱེ་གསེས་ལ་བྲེལ་བའི་རྣམ་པ་ཡིན་པ།

འདི་ནི་ཧུའུ་ནན་ཞིང་ཆེན་ཧོའེ་ཧྭ་གྲོང་ཁྱེར་ཅིང་ཀྲོའུ་མེའོ་རིགས་ཏུང་རིགས་རང་སྐྱོང་རྫོང་ཧྥེ་ཧྲན་ཆིང་ཡོན་ཇ་ཞིང་ར་བར་དཔྱིད་དུས་ཇ་ལོ་ར་བ་སྒོ་འབྱེད་མཛད་སྒོ་འཚོགས་ནས་ས་ཡུལ་དངོས་སུ་དམངས་སྲོལ་འགྲེམས་འཁྲབ་བྱེད་བཞིན་པ།

འདི་ནི་ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་མོང་ཧའེ་རྫོང་མོང་ཧུན་གྲོང་རྡལ་མན་པང་གྲོང་ཚོའི་ཇ་ལས་ཞིང་པས་དཔྱིད་དུས་ཀྱི་ཇ་ལོ་འཐུ་བཞིན་པ།

འདི་ནི་སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་ཅན་ཝེ་རྫོང་བཟོ་ལས་གླིང་ཁུལ་དུ་བཟོ་པས་ཇ་ལོ་ཐོན་སྐྱེད་འཁོར་ཁང་དུ་ཇ་ལོའི་ཐོན་རྫས་བཟོ་བཞིན་པ།

འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཞིའུ་ཧྲན་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་རྫོང་མེ་ཅང་གྲོང་རྡལ་ཞིང་ལུང་ཨའོ་དེང་རབས་ཞིང་ལས་གླིང་ཁུལ་ཇ་ལོ་དཔེ་སྟོན་རྟེན་གཞིར་ཇ་ལོ་འཐུ་མཁན་གྱིས་དཔྱིད་དུས་ཀྱི་ཇ་ལོ་འཐུ་བཞིན་པ།
ཉེ་ཆར། ཡུལ་ཕྱོགས་ཁག་གི་དཔྱིད་ཀའི་ཇ་ལོ་འཐུ་བའི་ནམ་དུས་ཤར་ཞིང་། ཞིང་པ་རྣམས་ཇ་ལོ་འཐུ་བའི་ལས་ལ་བྲེལ་བཞིན་ཡོད། སྔོ་ལྗང་ཡོངས་སུ་བཀླུབས་པའི་རི་ཁར་ལས་ལ་བརྩོན་པའི་གཟུགས་བརྙན་གྱིས་དཔྱིད་དུས་ཀྱི་ཡུལ་ལྗོངས་མཛེས་ལ་ཉམས་དགའ་བ་ཞིག་གྲུབ་ཡོད།
འབྲེལ་ཡོད་གསར་འགྱུར།