དབུ་ཤོག>པར་མཛོད།>པར་མཁན།
  • ལྷོ་སྣེར་རྟོག་ཞིབ་ཐེངས་42པའི“གངས་འབྲུག”རྟགས་ཅན་གྲུ་གཟིངས་རྒྱལ་ཁའི་ངང་ཕྱིར་ལོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-13

    ཉེ་ཆར། ལྷོ་སྣེར་རྟོག་ཞིབ་ཐེངས་42པའི་ལས་འགན་སྒྲུབ་མཁན“གངས་འབྲུག”རྟགས་ཅན་གྱི་ཀྲུང་གོའི་གྲུ་གཟིངས་དུས་ཡུན་ཉིན་160དང་མཚོ་ཐོག་ལེ་དབར་ཁྲི་3.4ལྷག་ཙམ་བསྐྱོད་མཐར་རྒྱལ་ཁའི་ངང་རང་རྒྱལ་དུ་ལོག་པ་རེད། རུ་མི་550ཡོད་པ་དང་། རྒྱུན་གཏན་གྱི་དངོས་ཟོག་མཁོ་སྤྲོད་བྱེད་ཚད་ཏུན་3600ལས་བརྒལ་བ། སྐམ་སའི་དབུས་ཁུལ་དུ་རྟོག་ཞིབ་ཉིན་གྲངས་104ཟིན་པས་མི་སྣའི་གྲངས་འབོར་དང་ལས་འགན་བསྒྲུབས་ཚད་སོགས་ཐད་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་དང་། ཆུ་ཚ་པོའི་གསོར་འབིགས་རྩད་ཞིབ་ཐད་འཛམ་གླིང་གི་ཟིན་ཐོ་གསར་དུ་བཏོད་པ་མ་ཟད། རང་རྒྱལ་གྱིས་བཟོས་པའི་སྒྲིག་ཆས་གསར་པས་གྲང་ངར་ཧ་ཅང་ཆེན་པོ་འཁྱོག་ཐུབ་པ་སོགས་ཀྱིས་གླིང་སྣེའི་ཀྲུང་གོའི་འཚོལ་ཞིབ་དཔུང་ཁག་གི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད། འདི་ནི་ལས་དོན་པས“གངས་འབྲུག”རྟགས་ཅན་གྱི་གྲུ་གཟིངས་སྟེང་ནས་བཀོལ་སྤྱོད་འཕྲུལ་ཆས་འབེབས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།