ཧུའུ་པེའི་ཙེ་ཀུའེ་རྫོང་གིས་ཚ་ལུ་མ་ལས་སྣོན་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་བར་བྱས་པ།

ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙེ་ཀུའེ་རྫོང་ལ“ཀྲུང་གོའི་ཚ་ལུ་མའི་ཕ་ཡུལ”ཞེས་འབོད་ཅིང་། ཡུལ་དེས་ཚ་ལུ་མའི་ཐོན་ཁུངས་སྤུས་ལེགས་ལ་བརྟེན་ནས་ཚ་ལུ་མ་ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་ལ་གསར་གཏོད་རིམ་སྤོར་བྱས་ཏེ་ཁ་ཏིག་མེད་པ་བཟོ་བ་དང་མེ་འཇམ་པོས་བཙོ་བ་སོགས་ཀྱི་དེང་རབས་ལག་རྩལ་སྤྱད་ནས་ཐོན་རྫས་སྣ་ཚོགས་བཟོས་ཡོད། ཚན་རྩལ་གྱིས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པར་མཐུན་རྐྱེན་སྦྱོར་བ་དང་ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་བས་གྲོང་གསེབ་དར་རྒྱས་དང་ཤིང་འབྲས་འདེབས་མཁན་ཞིང་པར་འབབ་འཕར་ཡོང་བར་རམ་འདེགས་ཐུབ་ཡོད། འདི་ནི་ཧུའུ་པེ་ཞིང་ཆེན་ཙེ་ཀུའེ་རྫོང་གི་བཟའ་བཅའི་ལས་སྣོན་ཁེ་ལས་ཤིག་ཏུ་ལས་དོན་པས་ཚ་ལུ་མའི་ཐོན་རྫས་སྣ་ཚོགས་བཟོ་བཞིན་པ།
འབྲེལ་ཡོད་གསར་འགྱུར།