དཔྱིད་ཀར་དུས་ཆད་བཏབ། ཕུགས་འདུན་དོན་གཉེར་བྱེད།

འདི་ནི་བདམས་ཐོན་པ་ཚོས་རི་ཐང་དུ་རྐང་འཁོར་བཞོན་ནས་འགྲན་བསྡུར་བྱེད་བཞིན་པ།

འདི་ནི་གྲུ་རྩལ་འགྲན་བསྡུར་བྱེད་བཞིན་པ།
ཉེ་ཆར། སྤོ་བོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2026ལོའི་སྤོ་བོ་རྫོང་ཡིད་འོང་ཤང་གི་རྣམ་གྲངས་ཁག་གསུམ་གྱི་ཕྱི་རོལ་འགྲན་བསྡུར་དེ་བརྗིད་ཆགས་ཀྱི་གངས་རིའི་འདབས་རོལ་དང་པད་ཁའི་མེ་ཏོག་རྣམ་པར་བཞད་པའི་འགྲམ་ངོགས་སུ་གཉེར་བ་དང་། རྒྱལ་ཡོངས་ས་གནས་ཁག་གི་རུ་ཁག་58དང་ལུས་རྩལ་པ་116མཉམ་དུ་འགྲན་བསྡུར་ལ་ཞུགས་པའི་ཡིད་དབང་བཀུག་ཡོད།
ལམ་ཐག་ཧྲིལ་པོར་སྤྱི་ལེ་28.5ཟིན་པའི“འགྲན་ལམ་མཛེས་ཤོས”དེ་ནི་ཡིད་འོང་མཚོ་དང་། གདོད་མའི་ནགས་ཚལ། པད་ཁའི་མེ་ཏོག་གི་ཞིང་ཁ་བཅས་གཅིག་མཇུག་གཅིག་གིས་སྦྲེལ་ཡོད་པ་དང་། བདམས་ཐོན་པ་ཚོས་གངས་ལྗོངས་ཀྱི་དཔྱིད་དུས་ཀྱི་ལྟ་ན་སྡུག་པའི་རྣམ་པ་ཉམས་སུ་མྱོང་ཆོག་པས། དེ་ནི་ལུས་རྩལ་གྱི་གསོན་ཤུགས་ངོམས་པ་དང་སྐྱེ་ཁམས་ཀྱི་མཛེས་པར་མྱོང་རོལ་བྱེད་པའི་འགྲུལ་བཞུད་ཅིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།