དབུ་ཤོག>པར་མཛོད།
  • ལ་ལྷོ་ཆུ་བེད་ལྟེ་གནས་ཀྱིས་ཡུལ་དེའི་མི་སེར་ལ་བདེ་སྐྱིད་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-13

    འདི་ནི་ལ་ལྷོ་ཆུ་བེད་ལྟེ་གནས་ཀྱི་ཟུར་ཞིག་ཡིན་པ།

    འདི་ནི་ལ་ལྷོ་ཆུ་བེད་ལྟེ་གནས་ཀྱི་ཆུ་སྒོ་ཡིན་པ།

    རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ཆུ་བེད་ལས་གྲྭ་གལ་ཆེན་172ཀྱི་གྲས་ཤིག་དང་བོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”གཙོ་གནད་འཛུགས་སྐྲུན་རྣམ་གྲངས། དེ་བཞིན་ལེ་ལག་ཚང་བའི་ཞིང་ཆུ་གཏོང་ཁུལ་གྱི་ལས་གྲྭ་ཞིག་ཡིན་པའི་ལ་ལྷོ་ཆུ་བེད་ལྟེ་གནས་དེ་2020ལོའི་ཟླ་12པར་ལས་གྲྭ་མཇུག་བསྒྲིལ་ནས་ཚོད་ལྟའི་འཁོར་སྐྱོད་བྱས་ཚུན་ཕྱོགས་བསྡུས་ཕན་འབྲས་རྒྱུན་མཐུད་ངང་འདོན་སྤེལ་ཐུབ་ཡོད། མིག་སྔའི་བར་ལས་གྲྭས་རིམ་རྩིས་བརྒྱབ་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5.3མཁོ་འདོན་བྱས་ཏེ་ནས་དང་གཟན་རྩྭ་སོགས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་པ་དང་། ཆུ་གཏོང་ཁུལ་གྱི་ནགས་བཟོ་གསོན་ཚད་65%ནས་85%ཡན་བར་མཐོ་རུ་ཕྱིན་ནས། སྨད་རྒྱུད་ཀྱི་ཆུ་ལོག་འགོག་པའི་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། གློག་ཁང་གི་ལོ་རེའི་ཆ་སྙོམས་གློག་འདོན་ཚད་ཏུའུ་དུང་ཕྱུར་0.85ཟིན་ནས་དུས་མཚུངས་སུ་མང་ཚོགས་ཁྲི་4.1གི་བཀོད་སྒྲིག་ལ་རམ་འདེགས་ཐུབ་པ་དང་། སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།