“དྲ་ཐོག་སློབ་སྦྱོང་དང་དྲ་ཕྱིའི་དངོས་སྦྱོང”ཟུང་དུ་འབྲེལ་བའི་སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་སྲུང་བཅད་ཕྱོགས་ཡོངས་ནས་བརྟན་དུ་བཏང་བ།

འདི་ནི་སློབ་གྲྭའི་དགེ་སློབ་ཚོས་མེ་གསོད་རུ་མིའི་མཛུབ་ཁྲིད་འོག་མེ་གསོད་སྟངས་སྦྱོང་བཞིན་པ།

འདི་ནི་མེ་ཟོན་དྲིལ་བསྒྲགས་པས་སློབ་མར་མེ་གསོད་ཡོ་བྱད་སྤྱོད་སྟངས་སློབ་བཞིན་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ལྗོངས་སློབ་གསོ་ཐིང་དང་མཉམ་དུ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་སྒྲིག་འཛུགས་ཀྱིས་2026ལོའི་དཔྱིད་དུས་ཀྱི་རྒྱལ་ཡོངས་སློབ་གྲྭ་འབྲིང་ཆུང་གི་མེ་ཟོན་བདེ་འཇགས་ཡོངས་བསྒྲགས་སློབ་ཚན་གྱི་དྲ་རྒྱའི་ཐད་གཏོང་གཅིག་སྡུད་ཐོག་བལྟས་པ་དང་འབྲེལ། སློབ་གྲྭའི་མེ་ཟོན་གྱི་འཕྲལ་སྡོམ་ནང་སྦྱོང་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཀྱི་ལས་དོན་དུས་གཅིག་ཏུ་བཀོད་སྒྲིག་བྱས་ནས། “དྲ་ཐོག་སློབ་སྦྱོང་དང་དྲ་ཕྱིའི་དངོས་སྦྱོང”ཟུང་དུ་འབྲེལ་བའི་སློབ་གྲྭའི་མེ་ཟོན་གྱི་བདེ་འཇགས་སྲུང་བཅད་ཕྱོགས་ཡོངས་ནས་བརྟན་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།