མེ་ཟོན་ཤེས་བྱ་སྦྱངས་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བསྐྲུན་པ།

བཅའ་སྡོད་བྱ་ཡུལ་སྨན་ཁང་གི་ལས་དོན་མི་སྣའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་སྔོན་འགོག་དང་སེལ་ཆེད། ཉེ་ཆར། ལྷ་ས་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་རུ་ཆེན་གཉིས་པ་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་དུ་བསྐྱོད་དེ་དུས་ཡུན་ཉིན་གསུམ་རིང་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་གསོ་སྦྱོང་བྱས་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་ནང་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་། དངོས་སྦྱོང་སྦྱོང་བརྡར། མངོན་མེད་རྐྱེན་ངན་གྲལ་བཤེར་བཅས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ཡོད།འདི་ནི་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་གསོ་སྦྱོང་བྱ་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།