བོད་ལྗོངས་ལྷོ་ཁས“སྐྱེ་ཁམས་ལེགས་ཆ+ལག་རྩལ་གསར་གཏོད”ལ་བརྟེན་ནས་ཞིང་པར་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ།

འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཁོངས་ཀྱི་པད་ཁའི་ཞིང་ཁ་ཡིན་པ།

འདི་ནི་བོད་ལྗོངས་ན་ལན་སྐྱེ་ཁམས་ཐོན་ལས་ཚད་ཡོད་ཀུང་སིའི་ཞིང་ལས་ལག་རྩལ་པས་གྲ་ནང་རྫོང་གི་ཞིང་ནང་དུ་བསྡུས་མ་ཐག་པའི་པད་ཁའི་སྤུས་ཀར་ལྟ་བཞིན་པ།
ས་བབ་སྨི་3600ལྷག་ཟིན་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་ས་གནས་དེ་གའི་ཁེ་ལས་ཀྱིས་ས་མཐོའི་དྭངས་གཙང་གི་སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་ནས་པད་ཁའི་སྣུམ་ཐོན་སྐྱེད་བྱས་ཡོད། ཁེ་ལས་ཀྱིས“ཁེ་ལས+རྟེན་གཞི+མཉམ་ལས་ཁང+ཞིང་དུད”བཅས་ཀྱི་བྱེད་སྟངས་སྤྱད་དེ་ཞིང་པ་དུད་ཚང་800ལྷག་ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་མ་ཟད། གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཀྱང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།