དབུ་ཤོག>པར་མཛོད།
  • ཆང་བཏུངས་འཁོར་གཏོང་ལ་ཞིབ་བཤེར་ནན་པོ་བྱས་ནས་དུས་བདེ་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-20

    ཆང་བཏུངས་འཁོར་གཏོང་ལས་ཐོན་པའི་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་ཏན་ཏིག་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད། ཉེ་དུས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་མཚན་མོར་འགྲོ་སྐྱོད་བྱེད་མང་ཤོས་དང་གཙོ་གནད་ལམ་རྒྱུད་ཀྱི་བཟའ་བཏུང་དང་དེ་བཞིན་རོལ་རྩེད་ཁང་གི་མཐའ་འཁོར་སོགས་ཆང་བཏུངས་འཁོར་གཏོང་མང་བའི་དུས་མཚམས་དང་གཙོ་གནད་ས་ཁོངས་ལ་དམིགས་ཏེ། ནན་ལ་ཕྱོགས་ཡོངས་ལ་ཁྱབ་པའི་ཆང་བཏུངས་འཁོར་གཏོང་གཅིག་སྡུད་བཅོས་སྒྲིག་གི་བྱ་སྤྱོད་རྒྱུན་མཐུད་སྤེལ་ནས“ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་ལ་བརྟེན་ནས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད། འདི་ནི་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་མཚན་མོར་ཆང་བཏུངས་འཁོར་གཏོང་གི་བྱེད་སྤྱོད་ཡོད་མེད་ལ་ཞིབ་བཤེར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།