དབུ་ཤོག>པར་མཛོད།
  • རེ་བའི་ཞིང་སར་ས་བོན་གཏོར། ལོ་ལེགས་ཡོང་བའི་སྨོན་ལམ་བཏབ།

    —— བོད་ཀྱི་གཉའ་གཅོག་མཛད་སྒོའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-20

    མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གི་གཉའ་གཅོག་མཛད་སྒོ་འཚོག་ཡུལ་ཡིན་པ།

    ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་ཟས་མདའ་གྲོང་ཚོའི་གཉའ་གཅོག་མཛད་སྒོ་འཚོག་ཡུལ་ཡིན་པ།

    མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གི་གཉའ་གཅོག་མཛད་སྒོར་འགྲེམས་སྟོན་བྱས་པའི་སོན་བཟང་ཡིན་པ།

    དཔྱིད་ཀྱི་དྲོད་རླུང་དལ་གྱིས་ལྡང་བ་དང་ཆབས་ཅིག གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་ལ། རང་ལྗོངས་ཀྱི་ཡངས་ཞིང་རྒྱ་ཆེའི་ཞིང་ཐང་ཡངས་མོར་ལོ་གཅིག་དུས་གཅིག་གི་དཔྱོད་རྨོད་དཔྱིད་འདེབས་ཀྱི་གཉའ་གཅོག་མཛད་སྒོ་འགོ་ཚུགས། ཞིང་པ་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་ཆར་ཆུ་དུས་སུ་འབབ་པ་དང་ཞིང་ལ་ལོ་ལེགས་ཡོང་བའི་སྨོན་ལམ་འདེབས་བཞིན། དེང་རབས་ཞིང་འཕྲུལ་གྱིས་ཞིང་ཐང་ཡངས་མོར་ཞིང་ས་བསློགས་ནས་རེ་བའི་ས་བོན་བཏབ་ཅིང་། སྲོལ་རྒྱུན་གྱི་སོ་ནམ་དང་དེང་རབས་ཞིང་ལས་ཕན་ཚུན་གཅིག་ལ་གཅིག་རྒྱན་ལྟར་གངས་ལྗོངས་ས་མཐོའི་སྐྱེ་སྟོབས་ཀྱིས་ཕྱུག་པའི་དཔྱིད་དུས་ཀྱི་སོ་ནམ་ལས་ལ་གཞོལ་བའི་མཛེས་རིས་ཤིག་གྲུབ་ཡོད།

    སྲོལ་རྒྱུན་གྱི་སོ་ནམ་ནས་དེང་རབས་ཞིང་ལས་བར། བོད་ཀྱི་དཔྱིད་རྨོད་དཔྱིད་འདེབས་སོ་ནམ་ལས་ཁོ་ན་མ་ཡིན་པར་ས་མཐོའི་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་མངོན་པའི་གསོན་ཉམས་དོད་པའི་མཚོན་བྱེད་དུ་གྱུར་ཡོད། སྲོལ་རྒྱུན་དང་དེང་རབས་མཉམ་དུ་གནས་པ་དང་། རྨོ་འདེབས་དང་རེ་བ་དུས་མཉམ་དུ་གནས་ཤིང་། བོད་ཀྱི་ཞིང་འབྲོག་པས་དཀའ་སྤྱད་ལག་གཉིས་ལ་བརྟེན་ནས་རེ་བའི་ཞིང་ས་སྦོལ་ཏེ་གྲོང་གསེབ་དར་རྒྱས་ཡར་བརྩོན་གྱི་རོལ་མོ་དཀྲོལ་བཞིན། འབྲུ་རིགས་སྣ་ལྔར་ལོ་ལེགས་ཡོང་བ་དང་བདེ་སྐྱིད་ཁམས་བཟང་ཕྱོགས་སུ་སྐྱོད་པའི་མཛེས་སྡུག་ལྡན་པའི་མདུན་ལྗོངས་གསར་པའི་ཕྱོགས་སུ་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།