དབུ་ཤོག>པར་མཛོད།
  • པེ་ཅིང་གི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ལྷ་སའི་མྱུར་སྐྱེལ་ལས་དོན་པར་འོས་འགན་ནད་བརྟག་སྨན་བཅོས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-17

    འདི་ནི་ཟླ་3ཚེས་13ཉིན། རྒྱལ་སའི་གསོ་རིག་ཚན་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཐེན་ཐན་སྨན་ཁང་གི་དབང་རྩའི་ཕྱི་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཧའོ་ཆང(གཡོན་གྱི་གཉིས་པ)གིས་མྱུར་སྐྱེལ་ལས་དོན་པར་འོས་འགན་ནད་བརྟག་སྨན་བཅོས་བྱེད་བཞིན་པ།

    འདི་ནི་ཟླ་3ཚེས་13ཉིན། རྒྱལ་སའི་གསོ་རིག་ཚན་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་ཀྲུང་ལུགས་གསོ་རིག་སྨན་ཁང་གི་རིགས་གཅིག་མཁས་ཅན་ལི་ཞང(གཡོན་གྱི་དང་པོ)གིས་མྱུར་སྐྱེལ་ལས་དོན་པར་འོས་འགན་ནད་བརྟག་སྨན་བཅོས་བྱེད་བཞིན་པ།

    ཉེ་ཆར། བོད་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱིས་པེ་ཅིང་གི་བོད་སྐྱོར་སྨན་བཅོས་རུ་ཁག་དང་མཉམ་དུ་ལྷ་སའི་མྱུར་སྐྱེལ་ཟོག་འགྲེམས་གླིང་ཞིག་ཏུ“ས་མཐོར་ཏང་དར་དམར། བདེ་ཐང་ཞབས་འདེགས་ཞུ”ཞེས་པའི་མྱུར་སྐྱེལ་ལས་དོན་པར་དམིགས་པའི་ཆེད་དོན་འོས་འགན་ནད་བརྟག་སྨན་བཅོས་བྱེད་སྒོ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོར་འོས་འགན་ནད་བརྟག་སྨན་བཅོས་ཀྱི་ཆེད་དོན་འཆད་ཁྲིད་མཉམ་དུ་བྱས་པར་མྱུར་སྐྱེལ་ལས་དོན་པ་200ལྷག་ཙམ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།