དབུ་ཤོག>པར་མཛོད།
  • ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པ་ཟླ་4ཚེས་3ཉིན་གཉེར་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-17

    འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་ལྡུམ་རའི་ཟུར་ཞིག་ཡིན་པ།

    ཉིན་ཤས་གོང་། གསར་འགོད་པར་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། སྐབས་འདིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ཟླ་4ཚེས་3ཉིན་འགོ་ཚུགས་རྒྱུ་དང་། འགོ་ཚུགས་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོ་སྤྱི་གླིང་དུ་གཉེར་རྒྱུ་ཡིན་པ་རེད།

    བོད་ཀྱི་ལོ་འཁོར་གྱི་རིག་གནས་ཡུལ་སྐོར་གྱི་དབུ་འཁྱུད་དང“དུས་ཆེན་གཉིས་དང་ནམ་དུས་གཅིག”གི་ལྟེ་བའི་སྤུས་རྟགས་ཤིག་ཡིན་པའི་ངོས་ནས། སྐབས་འདིའི་ཁམ་བུའི་མེ་ཏོག་དུས་ཆེན་ནི་ལོ་ཉི་ཤུ་ལྷག་ཙམ་གྱི་སྤུས་རྟགས་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག་ཕྱོགས་བསྡུས་ཀྱི་རིག་གནས་ཡུལ་སྐོར་བརྡ་རྟགས་ཤིག་ཏུ་འགྱུར་བ་དང་། “ཁམ་བུའི་མེ་ཏོག་མནའ་འབྲེལ”རྒྱ་སྐྱེད་དང་། ཁོངས་བརྒལ་ཐོན་ཁུངས་བསྡུ་སྒྲིལ། བརྗོད་དོན་གཙོ་བོའི་ལམ་ཐིག་དང་ཐོན་རྫས་འདོན་པ་བཅས་བྱས་ཏེ་ཁམ་བུའི་མེ་ཏོག་གི་དཔལ་འབྱོར་ཕན་འབྲས་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།