དབུ་ཤོག>པར་མཛོད།
  • དཔྱིད་ཀྱི་ཁ་བས་ས་མཐོའི་ཞིང་ས་བརླན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-15

    ཟླ་3ཚེས་13ཉིན་དཔྱིད་དུས་ཀྱི་གངས་ཐོག་མར་བབས་ཤིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པའི་རྒྱལ་རྩེའི་རྫོང་རི་ཁ་བས་བཀླུབས་ནས་གངས་ལྗོངས་ས་མཐོའི་ཞིང་སྡེའི་ཡུལ་ལྗོངས་དང་ཕན་ཚུན་གཅིག་ལ་གཅིག་རྒྱན་གྱི་རྣམ་པ་ཞིག་མངོན། མིག་སྔར་བོད་ཀྱི་ས་ཁུལ་ཁག་ཏུ་དཔྱིད་རྨོད་དཔྱིད་འདེབས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཉེར་ཡོད་པ་དང་། ད་ཐེངས་གངས་བབས་པ་དེས་ས་རྒྱུའི་བརླན་ཚད་ལེགས་སུ་ནུས་ལྡན་འགྲོ་བ་དང་། མཁའ་རླུང་གཙང་སེལ་ཐུབ་པ། ནད་འབུའི་གནོད་འཚེ་འགོག་པ་བཅས་བྱུང་སྟེ་ནས་སོགས་ཞིང་ལས་ལོ་ཏོག་དུས་ཐོག་འདེབས་རྒྱུ་དང་མྱུ་གུ་འབུད་པར་ཆ་རྐྱེན་ཡག་པོ་བསྐྲུན་ནས་ས་མཐོའི་འབྲུ་རིགས་ཐོན་འཕར་འབབ་འཕར་ཡོང་བར་རམ་འདེགས་ཐུབ་རྒྱུ་རེད། འདི་ནི་ཁ་བ་བབས་རྗེས་ཀྱི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་རྩེའི་རྫོང་རི་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།