དབུ་ཤོག>པར་མཛོད།
  • ཁ་བ་གཙང་སེལ་བྱས། འགྲོ་ལམ་ཤར་གཏོང་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-11

    ཉེ་ཆར། མངའ་རིས་ས་ཁུལ་རུ་ཐོག་རྫོང་ཁོངས་སུ་ཁ་བ་བུ་ཡུག་བསྟུད་མར་འཚུབ་སྟེ། ཞིང་ཆེན་ལམ་303གྱི་ལམ་དཀྱིལ་ལའི་ལམ་དུམ་དུ་གངས་གསོག་ཐེབས་ནས་འཁྱགས་པ་ཆགས་པར་བརྟེན། འགྲོ་ལམ་དུ་འཁོར་རིགས་སྐྱོད་དཀའ་བར་གྱུར་ཡོད། སྒར་གཞུང་ལམ་བདག་སྐྱོང་དུམ་བུ་ཅ་ཆེ་ལམ་བཟོ་ཁུལ་གྱི་འཕྲལ་སྡོམ་ཉེན་སེལ་དཔུང་ཁག་གིས་གངས་གཤོག་འཕྲུལ་ཆས་བཏང་ནས་གངས་གསོག་ཐེབས་ཡུལ་གྱི་ལམ་དུམ་དུ་བསྐྱོད་དེ་འགྲོ་ལམ་ཤར་གཏོང་ཡོང་བར་གཞོལ་ཡོད། གཞུང་ལམ་བདག་སྐྱོང་པས་ཆུ་ཚོད་13རིང་བསྟུད་མར་ལས་སྒྲུབ་ཉེན་སེལ་བྱས་པར། རིམ་རྩིས་བརྒྱབ་ན་འགྲོ་ལམ་གྱི་ཁ་བ་སྨི་རྒྱ་དཔངས་གྲུ་བཞི་55900གཙང་སེལ་བྱས་ཏེ་ཁ་བས་བཀག་པའི་ལམ་དུམ་ཧྲིལ་པོར་རྒྱུན་གཏན་བཞིན་འགྲུལ་སྐྱོད་སླར་གསོ་བྱུང་ཡོད། འདི་ནི་ཁ་བ་གཙང་སེལ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།