དབུ་ཤོག>པར་མཛོད།
  • བོད་ཀྱི་འཐུས་མི་ཚོགས་པས་ཚོགས་པ་དང་ཚོགས་ཆུང་གི་སྒོ་དབྱེའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-08

    ཟླ་3ཚེས་6ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚོགས་པ་དང་ཚོགས་ཆུང་གི་སྒོ་དབྱེའི་ཚོགས་འདུ་འཚོགས་པ།

    ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚོགས་པ་དང་ཚོགས་ཆུང་སྒོ་དབྱེའི་བྱེད་སྒོ་སྤེལ་བར་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་38ཀྱི་གསར་འགོད་པ་66ཞུགས་ཡོད་པ་རེད། འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཆང་གིས་གསར་འགོད་པའི་དྲི་བར་ལན་འདེབས་བཞིན་པ།

    ཟླ་3ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི“ཨུ་ཡོན་གྱི་བགྲོད་ལམ”གྱི་མཉམ་སྡེབ་བཅར་འདྲིའི་བྱེད་སྒོ་ཐོག་མ་མི་དམངས་ཚོགས་ཁང་ཆེ་མོར་སྤེལ་ཞིང་། ཚན་རྩལ་དང་། ཞིང་ལས། རིག་གནས་སྒྱུ་རྩལ་སོགས་ཁྱབ་ཁོངས་མང་པོ་ནས་ཕེབས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ་རེད། འདི་ནི་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཡན་དབྱི་ཆའོ་ཡིས་དྲི་བ་འདོན་བཞིན་པ།

    འདི་ནི་བོད་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉི་མ་ཆུང་ལགས་རིགས་ཁོངས་ཀྱི་ཚོགས་ཆུང་གྲོས་བསྡུར་ལ་ཞུགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།