དཔྱིད་ཀར་སོ་ནམ་ལས་ལ་བྲེལ།

པེ་ཅིང་།
འདི་ནི་པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་ཧྲན་ཏུང་ཀྲོང་གྲོང་རྡལ་གྱི་ཞིང་པས་ཤིང་ཏོག་ར་བར་འབྲས་ཤིང་ལ་ཡལ་གཅོད་རྒྱག་བཞིན་པ།

ཧུའུ་པེ།
འདི་ནི་ཧུའུ་པེ་ཞིང་ཆེན་ཤའོ་ཀན་གྲོང་ཁྱེར་ཡུན་མོང་རྫོང་ཀེ་ཕུའུ་ཐན་གྲོང་རྡལ་ཤིན་མཱ་གྲོང་ཚོའི་ཡུལ་མིས་ཡུར་མ་རྒྱག་བཞིན་པ།

སི་ཁྲོན།
འདི་ནི་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་ཕེང་ཀྲོའུ་གྲོང་ཁྱེར་ཅིའུ་ཁྲི་གྲོང་རྡལ་ཡུས་ཡོན་སྡེ་ཁུལ་དུ་ཞིང་པས་སྔོ་ཚལ་འཐོག་བཞིན་པ།
ཡུན་ནན། འདི་ནི་ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ནཱ་ཀྲོའུ་མེང་ཧའེ་རྫོང་མེང་ཀྲའེ་གྲོང་རྡལ་མན་ལ་གྲོང་ཚོའི་ཡུལ་མིས་འབྲས་ཞིང་དུ་འབྲས་མྱུག་འཛུགས་བཞིན་པ།
མིག་སྔར་འབྲི་ཆུའི་ལྷོ་བྱང་གཉིས་སུ་སོ་ནམ་ལས་ལ་བྲེལ་འགོ་ཚུགས་ཤིང་། ས་གནས་ཁག་གི་ཞིང་པས་སོ་ནམ་དུས་ཚིགས་ལ་དམ་འཛིན་གྱིས་རྨོ་འདེབས་གྲ་སྒྲིག་བྱེད་བཞིན་ཡོད་པས་ཞིང་ནང་དང་མུ་ཁར་ལས་བྲེལ་གྱི་རྣམ་པས་ཁེངས།
འབྲེལ་ཡོད་གསར་འགྱུར།