འོད་ཤུགས་དང་བྱེ་བཅོས་ཟུང་འབྲེལ་གྱིས་འཕེལ་རྒྱས་ལ་སྒུལ་ཤུགས་སྦྱིན་པ།

ཉེ་ཆར། ཀོང་ཏུང་ནུས་རྒྱུ་ཚོགས་པའི་ལྷོ་ནུབ་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པའི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ནོར་སྟོད་གྲོང་ཚོའི་50MWའོད་ཤུགས་བྱེ་བཅོས་དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་ལེགས་གྲུབ་ཟིན་ཏེ་འཕྲུལ་ཚན་ཆ་ཚང་དྲ་སྦྲེལ་ཐུབ་ནས་གློག་གཏོང་འགོ་ཚུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་གསར་གཏོད་རང་བཞིན་གྱི་སྒོ་ནས“ཤེལ་ལེབ་ནས་གློག་གཏོང་བ་དང་ཤེལ་ལེབ་འོག་བྱེ་བཅོས་བྱེད་པའི”བྱེད་སྟངས་སྤྱད་དེ་རྩྭ་འདེབས་པ་དང་སྡོང་ཕྲུག་འཛུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད། བྱེ་འགྱུར་ས་ཆ་མུའུ་1073དུས་གཅིག་ཏུ་བཅོས་སྒྲིག་བྱས་པས་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ཏེ། གྲོང་གསེབ་དར་རྒྱས་ཆེད་སྒུལ་ཤུགས་གསར་པ་སྦྱིན་ཡོད། འདི་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ནོར་སྟོད་གྲོང་ཚོའི་50MWའོད་ཤུགས་བྱེ་བཅོས་ཀྱི་དཔེ་སྟོན་རྣམ་གྲངས་ཡིན་པ།
འབྲེལ་ཡོད་གསར་འགྱུར།