དབུ་ཤོག>པར་མཛོད།
  • ལུས་སྦྱོང་བྱས་ནས་བདེ་ཐང་སྲུང་། དགའ་སྤྲོའི་ངང་ནས་ལོ་གསར་བསུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-12

    འདི་ནི་མང་ཚོགས“དཔྱིད་གསར་ལ་རྐང་ཐང་མར་འགྲོ་བའི”སྤྱི་ཕན་བྱེད་སྒོར་ཞུགས་བཞིན་པ།

    འདི་ནི་བདེ་ཐང་བདེ་འཇགས་དྲིལ་བསྒྲགས་ཞབས་ཞུ་ཁུལ་དུ་ལས་དོན་པས་མང་ཚོགས་ལ་ཁྲག་ཤེད་འཇལ་བཞིན་པ།

    ཉེ་ཆར། 2026ལོའི“དམངས་ཡོངས་ཀྱིས་ལུས་སྦྱོང་བྱས་ནས་ལོ་གསར་ལ་རྟེན་འབྲེལ་ཞུ་བ”དང“བདེ་ཐང་ངང་ནས་དཔྱིད་གསར་བསུ། ལོ་གསར་ལ་ཡང་ལུས་སྦྱོང་བྱེད”ཅེས་པའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྲུང་ཧྭ་རིག་གནས་སྤྱི་གླིང་དུ་སྤེལ་བས། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོ་དེར་ཧུར་ཐག་ཞུགས་པའི་ཡིད་དབང་བཀུག་པ་དང་ལུས་སྦྱོང་བྱས་ནས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་དུ་བསུས་ཡོད།

    “དཔྱིད་གསར་ལ་རྐང་ཐང་མར་འགྲོ་བའི”སྤྱི་ཕན་བྱེད་སྒོ་སྤེལ་ཡུལ་དུ་འགྲན་ཞུགས་པ་ཚོས་སེམས་ཤུགས་ཆེན་པོས་སྤྱི་ལེ་5ཡི་སྐོར་ལམ་དུ་མདུན་སྐྱོད་བྱས་པ་དང་ཆབས་ཅིག ཐག་འཐེན་དང་ཀེ་རེམ་སོགས་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱི་འགྲན་བསྡུར་ཡང་གཅིག་རྗེས་གཉིས་མཐུད་དུ་གཉེར་བས་མི་རྣམས་ལ་མིག་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།