མཉེས་ཐང་ཟམ་ཆེན་ལ་རླངས་འཁོར་ཤར་གཏོང་ཐུབ་པ།

ཉིན་ཤས་གོང་། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་མཉེས་ཐང་ཟམ་ཆེན་ལ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མཉེས་ཐང་ཟམ་ཆེན་ལྷ་ས་སྐྱིད་ཆུའི་ཆུ་གཞུང་དུ་བསྐྲུན་པ་དང་། སྣེའུ་ཁུལ་གསར་གྱི་སྟག་གདོང་གྲོང་ཚོ་དང་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་མཉེས་ཐང་བཟོ་ལས་གླིང་གཉིས་སྦྲེལ་མཐུད་བྱས་པ་དང་། སྤྱིའི་ལམ་ཚད་ལ་སྤྱི་ལེ་1.81ཟིན་གྱི་ཡོད། རྣམ་གྲངས་དེ་གྲོང་ཁྱེར་གྱི་མ་ལམ་གྱི་ཚད་གཞི་ལྟར་བསྐྲུན་ཏེ། ཕྱོགས་གཉིས་ཀར་འཁོར་ལམ་བཞི་ཡི་འཆར་འགོད་བྱས་ནས། ཟམ་ངོས་ཀྱི་ཞེང་ཚད་སྨི་23.5ཟིན་ཞིང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་50ཡི་ཇུས་འགོད་བྱས་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་3.94བཏང་ཡོད་པ་རེད། འདི་ནི་མཉེས་ཐང་ཟམ་ཆེན་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་རྣམ་པ་ཡིན་པ།
འབྲེལ་ཡོད་གསར་འགྱུར།