“གཅེས་སེམས་ས་ཚིགས”ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་གི་དུས་བདེ་སྲུང་བ།

འདི་ནི་ལྷ་ས་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་པས་གློག་འཕྲིན་ལས་དོན་པ་དང་མཉམ་དུ་ཁྲོམ་གཞུང་དང་སྲང་ལམ་དུ་མེ་ཟོན་རྒྱུན་ཤེས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བཞིན་པ།

འདི་ནི་ཆབ་མདོ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་པས་གློག་འཕྲིན་གྱི“གཅེས་སེམས་ས་ཚིགས”ཀྱི་དང་བླངས་པ་དང་མཉམ་དུ་སྒོ་རྩར་བསྐྱོད་ནས་མེ་ཟོན་རྒྱུན་ཤེས་དྲིལ་བསྒྲགས་བྱེད་བཞིན་པ།

འདི་ནི་མངའ་རིས་ས་ཁུལ་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གི་དྲིལ་བསྒྲགས་པས་གློག་འཕྲིན་གྱི“གཅེས་སེམས་ས་ཚིགས”ཀྱི་དང་བླངས་པ་དང་ལས་བཟོ་ཚོར་མེ་གསོད་ཡོ་བྱད་སྤྱོད་སྟངས་སློབ་བཞིན་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་བོད་ཀྱི་གྲོང་ཁྱེར་དང་ས་གནས་བདུན་གྱི་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་ལ་མཛུབ་ཁྲིད་བྱས་ཏེ། ས་གནས་དེ་གའི་ཀྲུང་གོ་གློག་འཕྲིན་ཡན་ལག་ཀུང་སི་དང་མཉམ་དུ“གཅེས་སེམས་ས་ཚིགས”ཏེ། དམངས་ཕན་ཞབས་ཞུའི་ས་ཚིགས་ལ་བརྟེན་ནས་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་ཀྱི་སྤྱི་ཕན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། བྱེད་སྒོས“གཅེས་སེམས་ས་ཚིགས”ཀྱི་དང་བླངས་པ་དང་། ལས་སྒོའི་ཚོང་ཤག ཕྱི་རོལ་ངལ་རྩོལ་པ། ཁེར་སྡོད་རྒན་རྒོན་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ནས། “རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། དངོས་སྦྱོང་ནང་སྦྱོང་། དུད་ཚང་དུ་སྐྱོད་པ”བཅས་བྱེད་སྟངས་སྣ་མང་སྤྱད་དེ། མང་ཚོགས་ལ་ས་མཐོའི་དོན་དངོས་དང་འཚམ་པའི་མེ་ཟོན་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱས་ནས། སྲིད་གཞུང་དང་ཁེ་ལས་མཉམ་ལས་དང་དམངས་ཡོངས་ཞུགས་པའི་ས་མཐོའི་མེ་ཟོན་བཅོས་སྐྱོང་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད།
འབྲེལ་ཡོད་གསར་འགྱུར།