དབུ་ཤོག>པར་མཛོད།
  • དགའ་སྤྲོ་དང་འཆམ་མཐུན་གྱི་རྣམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-08

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་མཚམས་སུ། ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དར་སྤེལ་སྡེ་ཁུལ་གྱི་གྲོང་མིས“དུས་ཆེན་གཉིས”བསུ་བའི་གྲ་སྒྲིག་ཨང་གསར་བྱེད་བཞིན་ཡོད། ཉིན་ཤས་གོང་། སྡེ་ཁུལ་གྱིས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་དམངས་འཚོར་དམིགས་ནས་དུས་ཆེན་གསུམ་དགའ་གཏོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཁོངས་གཏོགས་ཁུལ་གྱི་གྲོང་མི་སྒྲིག་འཛུགས་བྱས་ཏེ་སྒྲོག་འགྲེལ་ཉན་པ་དང་། གླུ་ལེན་གར་འཁྲབ་བྱས་པ་མ་ཟད། དཀའ་ངལ་ཡོད་པའི་མང་ཚོགས་ལ་འབྲས་དང་། གྲོ་ཞིབ། བཟའ་སྣུམ་སོགས་འཚམས་འདྲིའི་དངོས་པོའང་སྤྲད་པ་རེད། འདི་ནི་ཁོངས་གཏོགས་ཁུལ་གྱི་གྲོང་མིས་འཚམས་འདྲིའི་དངོས་པོ་ལེན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།