ངོས་འཛིན་གཅིག་སྒྲིལ་ཇུས་བཟང་བཏོན། ལག་གདང་སྦྲེལ་ནས་མདུན་དུ་སྐྱོད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་མཇུག་སྒྲིལ་ཚོགས་འདུའི་པར་རིས་བདམས་བཀོད།

འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་མཇུག་སྒྲིལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་སྒམ་ནན་གྱི་རྣམ་འགྱུར་ཐོག་ནས་སྐད་གསང་མཐོན་པོས་མཉམ་དུ་རྒྱལ་གླུ་ལེན་བཞིན་པ།

འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་གྲོས་ཆོད་ཀྱི་འཆར་ཟིན་ཁག་ལ་གྲོས་འཆམ་བྱུང་བར་དགའ་བསུ་ཞུས་ནས་རྟེན་འབྲེལ་ཞུ་བཞིན་པ།

འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕེན་བཞིན་པ།

འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་གྲོས་ཆོད་ཀྱི་འཆར་ཟིན་ཁག་ལ་ཕྱག་བརྐྱངས་ནས་བརྡས་ཐག་གཅོད་བཞིན་པ།

འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཚོགས་འདུ་ནན་ཏན་ངང་གསན་བཞིན་པ།

འདི་ནི་མཇུག་སྒྲིལ་ཚོགས་འདུ་གྲོལ་རྗེས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོ་ཚོགས་ར་ནས་ཕེབས་བཞིན་པ།
ཟླ་2ཚེས་3ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་བོད་ལྗོངས་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་ཁའི་ངང་གྲོལ་བ་རེད།
འདི་ནི་དར་ཆ་མཐོན་པོར་སྒྲེང་བ་དང་ནུས་སེམས་གཅིག་སྒྲིལ་གྱི་ཚོགས་འདུ་གཟབ་རྒྱས་ཤིག་དང་། དམངས་གཙོ་མཐུན་སྒྲིལ་དང་དམ་པ་དོན་གཉེར་གྱི་ཚོགས་འདུ་གཟབ་རྒྱས་ཤིག་རེད་ལ། མི་སེམས་ལ་སྐུལ་མ་ཐེབས་པ་དང་སྙིང་སྟོབས་རབ་འཕེལ་གྱི་ཚོགས་འདུ་གཟབ་རྒྱས་ཤིག་དེ་བས་ཀྱང་རེད།
ཚོགས་འདུ་འཚོག་རིང་། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་གྲོས་འགོ་དང་། སྐྱོན་བརྗོད། བསམ་འཆར་བཅས་ཁྱོན་424འབྱོར་ནས། འཐུས་མི་ཚོའི་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟབ་མོ་བཅས་གང་ལེགས་མངོན་ཏེ། གངས་ལྗོངས་ས་མཐོའི་གོང་འོག་ཚང་མ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད་པ་རེད།
ཚོཌ་ར་ནས་ཕེབས་སྐབས་འཐུས་མི་ཚོས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་། དམིགས་ཚད་ཁ་གསལ་ལ་མི་སེམས་ལ་སྐུལ་མ་ཐེབས་པའི་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་གཏོང་དང་། འཕེལ་རྒྱས་ཀྱི་གདིང་ཤུཌ་འཕེལ་བ། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།
བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། འཐུས་མི་ཚོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དམ་པ་དོན་གཉེར་དང་། འབད་འབུངས་མདུན་སྐྱོད་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཐུན་མོང་ཐོག་རྩོམ་གྱི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།