དབུ་ཤོག>པར་མཛོད།
  • མི་རིགས་མཐུན་སྒྲིལ་གྱི་ནོར་བུ་སྡིངས་ཆེན་མདུན་གྱི་ལྷན་འཛོམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-01

    འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་རར་ཕེབས་བཞིན་པ།

    འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བརྒྱད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ནོར་བུ་སྡིངས་ཆེན་མདུན་དུ་ལྷན་འཛོམས་དྲན་རྟེན་པར་རྒྱག་བཞིན་པ། གཡོན་ནས་བརྩིས་པའི་གཡུ་སྒྲོན།(ཏེང་པ་བ)དང་། ཚེ་རིང་བུ་ཁྲིད།(མོན་པ་རིགས) རྒྱལ་བསྟན།(བོད་རིགས) ཁྲེང་ཧའེ་ཧུང་།(རྒྱ་རིགས) རིག་འཛིན།(ཤར་པ་བ) རིན་ཆེན་མཚོ་སྒྲོན།(འཇང་རིགས) ཟླ་བ།(ལྷོ་པ་རིགས) ཏོའུ་སྒྲོལ་མ།(མོན་པ་རིགས)བཅས་རེད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་ནི་བོད་ཀྱི་ལས་དོན་ཁག་གི་གཙོ་རྐང་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་རིང་། མི་རིགས་ཁག་བདུན་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བརྒྱད་མི་རིགས་མཐུན་སྒྲིལ་གྱི་ནོར་བུ་སྡིངས་ཆེན་མདུན་དུ་ཕེབས་ནས། འགན་སྒྲུབ་ཀྱི་ལག་ལེན་དང་བོད་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ་མྱོང་ཚོར་བརྗོད་པ་དང་། འགྱུར་ལྡོག་གླེང་བ། རེ་འདོད་གླེང་བ་བཅས་གནང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གྲོས་བསྡུར་འཁྲུག་པོ་གནང་བ་མ་ཟད། དུས་སང་སླར་ཡང་འཛོམས་རྒྱུའི་ཞལ་ཆད་ཀྱང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།