ཁ་ས་འཐུས་མི་དང་ཨུ་ཡོན་ཚོ་འབྱོར་ཐོ་བཀོད་ཟིན་འདུག
ཟླ་1ཚེས་28ཉིན། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་སྔ་རྗེས་སུ་བཞུགས་གནས་སུ་འབྱོར་བ་དང་ཚོགས་ཆེན་ལ་ཞུགས་པའི་འབྱོར་ཐོ་བཀོད་གནང་བ་རེད།

མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བཞུགས་གནས་ནས་ལག་ཁྱེར་དང་ཚོགས་འདུའི་དཔྱད་ཡིག་ལེན་བཞིན་པ།
ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་བཞུགས་གནས་ཁག་ཏུ་འབྱོར་ཐོ་འགོད་མཁན་གོ་རིམ་ལྡན་ཞིང་། དམར་མདངས་བཀྲ་བའི་ཚོགས་ཞུགས་ལག་ཁྱེར་བཏགས་པའི་འཐུས་མི་དང་ཨུ་ཡོན་ཚོ་སྙིང་སྟོབས་རབ་ཏུ་འཕེལ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།
ལྷ་ས་གསོལ་མགྲོན་ཁང་གི་མིང་ཐོ་འགོད་སར་ལས་དོན་པའི་ཁྲིད་སྟོན་འོག འཐུས་མི་ཚོས་གོ་རིམ་ལྡན་པའི་སྒོ་ནས་འབྱོར་ཐོ་འགོད་བཞིན་མཆིས།

མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བཞུགས་གནས་ནས་ལག་ཁྱེར་དང་ཚོགས་འདུའི་དཔྱད་ཡིག་ལེན་བཞིན་པ།

སྲིད་གྲོས་ཀྱི་ཨུ་ཡོན་ཚོས་བཞུགས་གནས་ནས་ལག་ཁྱེར་དང་ཚོགས་འདུའི་དཔྱད་ཡིག་ལེན་བཞིན་པ།
ཞོགས་པ་སྔ་པོ་ནས་ལྷ་ས་གསོལ་མགྲོན་ཁང་དུ་འབྱོར་བའི་ནག་ཆུ་གྲོང་ཁྱེར་གྱི་འཐུས་མི་འཇམ་དཔལ་གྱིས་ཚོགས་འདུར་ཞུགས་རྒྱུ་བྱུང་བས་དགའ་ཚོར་ཆེན་པོ་འདུག་ལ་ངའི་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་འདུག་ཅེས་བརྗོད་པ་དང་། ད་རེས་ཁོང་གིས་འཁྱེར་བའི་གྲོས་འགོ་ནི་སློབ་ཆེན་སློབ་མའི་ལས་གཏོད་རྣམ་གྲངས་དང་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་མཉམ་དུ་སྐུལ་འདེད་གཏོང་བའི་སྐོར་རེད་འདུག ཁོང་གིས་ང་ཚོས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་གོ་སྐབས་དང་བསྟུན་ནས་ཐབས་ཤེས་ཡག་པོ་དང་བྱ་ཐབས་བཟང་པོ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།

མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བཞུགས་གནས་ནས་ལག་ཁྱེར་དང་ཚོགས་འདུའི་དཔྱད་ཡིག་ལེན་བཞིན་པ།

མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བཞུགས་གནས་སུ་གྲོས་གཞིར་གྲོས་བསྡུར་གནང་བཞིན་པ།
ལྷ་ས་གནས་མཆོག་ཀྲོའུ་ཅི་གསོལ་མགྲོན་ཁང་ཆེ་མོར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་གོ་རིམ་ལྡན་པའི་ངང་འབྱོར་ཐོ་བཀོད་ནས་སྤྲོ་སེམས་ཆེན་པོས་སོ་སོས་འཁྱེར་བའི་གྲོས་གཞིའི་སྐོར་ལ་གྲོས་བསྡུར་གནང་བཞིན་ཡོད།

སྲིད་གྲོས་ཀྱི་ཨུ་ཡོན་གྱིས་བཞུགས་གནས་ནས་ལག་ཁྱེར་དང་ཚོགས་འདུའི་དཔྱད་ཡིག་ལེན་བཞིན་པ།

མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བཞུགས་གནས་སུ་འབྱོར་ཐོ་འགོད་བཞིན་པ།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དགྲ་འདུལ་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་སློབ་ཆུང་གི་དགེ་རྒན་ཡིན་པ་དང་། ཁོང་གིས“ད་རེས་ཀྱི་ཚོགས་འདུར་ངས་གྲོས་གཞི་གསུམ་འཁྱེར་ཡོད་པ་ནི་བསླབ་གཞི་སྡེབ་སྐྱེལ་ལམ་སྲོལ་ལེགས་སུ་གཏོང་བ་དང་། བོད་ཀྱི་དྲ་རྒྱའི་ཁོར་ཡུག་ལེགས་སུ་གཏོང་བ། ལྗོངས་ཡོངས་ཀྱི་བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གོ་མིང་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་ཡིན། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་འདི་དག་ཐག་གཅོད་བྱེད་རྒྱུ་ནི་ང་རང་དགེ་རྒན་ཞིག་ཡིན་པའི་ལས་རིགས་ཀྱི་འགན་འཁྲི་རེད་ལ་སྲིད་གྲོས་ཨུ་ཡོན་ཞིག་གི་འགན་འཁྲི་དེ་བས་ཀྱང་རེད ”ཅེས་གསུངས།

སྲིད་གྲོས་ཀྱི་ཨུ་ཡོན་གྱིས་བཞུགས་གནས་ནས་ལག་ཁྱེར་དང་ཚོགས་འདུའི་དཔྱད་ཡིག་ལེན་བཞིན་པ།
ཚོགས་འདུ་གཟབ་རྒྱས་འཚོག་ཉེར་ཡོད་པས། འཐུས་མི་དང་ཨུ་ཡོན་ཚོའི་འགན་སྒྲུབ་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། ཐབས་འདོན་ཇུས་འབུལ་ནན་ཏན་བྱེད་པ་དང་འཕེལ་རྒྱས་ཀྱི་ཇུས་བཟང་ལ་མཉམ་དུ་གྲོས་བསྡུར་བྱས་ནས། གཞི་རིམ་གྱི་བསམ་འདུན་དང་དམངས་འཚོའི་རེ་སྒུག་དེ་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།