ཚོང་འདུས་ལ་ལོ་གསར་གྱི་རྣམ་པ་ཟབ་པ།

འདི་ནི་ཟླ་1ཚེས་21ཉིན་པར་བླངས་པའི་ཅིན་ཀུའེ་ཚོང་འདུས་ཆེན་པོ་ཡིན་པ།

འདི་ནི་ཟླ་1ཚེས་21ཉིན་ཚོང་པས་ཅིན་ཀུའེ་ཚོང་འདུས་ཆེན་པོའི་ཐོག་སུར་པན་འཐག་བཞིན་པ།
དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཧོ་ལན་རྫོང་ཅིན་ཀུའེ་གྲོང་རྡལ་གྱི་ཅིན་ཀུའེ་ཚོང་འདུས་ཐོག་ཚོང་ཟོག་སྣ་ཁ་འཛོམས་པ་མ་ཟད། མིས་ཁེངས་ནས་ལོ་གསར་གྱི་རྣམ་པ་ཟབ་མོ་ལྡན་ཡོད་པ་རེད།
ཅིན་ཀུའེ་ཚོང་འདུས་ཆེན་པོ་1957ལོར་གཉེར་འགོ་ཚུགས་པ་དང་ས་ཁྱོན་མུའུ་50ཙམ་ཟིན་ཡོད། དེའི་ནང་གྱོན་ཆས་དང་བརྒྱ་ཟོག སྔོ་ཚལ་དང་ཤིང་འབྲས། ཤ་དང་རྒྱུན་མཁོའི་ཡོ་ཆས། ཁྱིམ་ཕྱུགས་དང་ཞིང་ཞོར་ཐོན་རྫས་སོགས་གཞི་གཅིག་ཏུ་འདུས་ཤིང་། ད་ཆ་རིགས་ཁག་གི་ཚོང་པ་400ལྷག་ཙམ་ཡོད་པས། ཉེ་འཁོར་གྱི་གྲོང་ཚོ་20ལྷག་ཙམ་གྱི་མང་ཚོགས་ཚོས་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་ཉོ་སྒྲུབ་དང་ཞིང་ཞོར་ཐོན་རྫས་འཚོང་བའི་བསྡུ་འགྲེམས་ལྟེ་གནས་ཤིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།