“མཁའ་ལམ་གྱི་སྐལ་བཟང་མེ་ཏོག”ཞབས་ཞུའི་བྱེད་སྒོས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།

འགྲུལ་པ་ཚོ་བདེ་འཇགས་དང་། གོ་རིམ་ལྡན་པ། སྐྱིད་སྣང་དོད་པོས་འགྲུལ་བཞུད་ཐུབ་པར་འགན་ལེན་བྱ་ཆེད། ཉེ་ཆར། མཚོ་བོད་ཚོགས་པ་ཀུང་སི་ལྷ་ས་འབབ་ཚུགས་ཀྱིས“མཁའ་ལམ་གྱི་སྐལ་བཟང་མེ་ཏོག”ཞབས་ཞུའི་སྤུས་རྟགས་ཧུར་ཐག་བཏོད་ནས། སྒྲིག་ཆས་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། འབབ་ཚུགས་དང་མེ་འཁོར་གྱི་ཁོར་ཡུག་ལེགས་སུ་གཏོང་བ། ཞབས་ཞུའི་རིག་གནས་ཆུ་ཚད་མཐོ་རུ་གཏོང་བ་སོགས་བྱས་ཏེ། འགྲུལ་པ་ཚོར་སྟབས་བདེ་ཞིང་ནུས་ཕྱོད་ཆེ་བའི་ཕྱིར་སྐྱོད་ཞབས་འདེགས་ཞུས་ཤིང་། འདི་ནི་ལྷ་ས་འབབ་ཚུགས་ཀྱི་འཛུལ་སྒོར་ལས་དོན་པས་སྤ་སེར་ཞིབ་བཤེར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།