ཧྲན་ཏུང་གྲམ་ཐང་ཁུལ་གྱི་ཕྲུ་གུ་ཚོར་རིན་པ་མི་དགོས་པར་དགུང་ཟས་སྟེར་བ།

ཧྲན་ཏུང་ཞིང་ཆེན་ཏུང་ཕིང་རྫོང་ཏའེ་མེའོ་གྲོང་རྡལ་ལྟེ་བའི་སློབ་ཆུང་ནི་སྲིད་འཛིན་གྲོང་ཚོ་10ལ་ཁྱབ་པའི་མཉམ་འབྲེལ་སློབ་ཆུང་ཞིག་ཡིན་ཞིང་། དེར་ཡོད་པའི་སློབ་མ་623ནི་ཏུང་ཕིང་མཚེའུ་ཡི་ཆུ་ལོག་འཁྱིལ་ཁུལ་དང་རྨ་ཆུའི་གྲམ་ཐང་ཁུལ་ནས་རེད། ཕྲུ་གུ་ཚོའི་དགུང་ཟས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། 2025ལོར། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་གོ་སྤྱི་ཚོགས་ཕན་བདེ་ཐེབས་རྩ་ལྷན་ཚོགས་ཀྱི“རིན་མེད་དགུང་ཟས”རྣམ་གྲངས་དང་འབྲེལ་མཐུད་ཧུར་ཐག་བྱས་པ་དང་འབྲེལ། མ་དངུལ་སྒོར་ཁྲི་བརྒྱ་ཙམ་བཏང་ནས་སློབ་གྲྭའི་ཟ་ཁང་ལ་རིམ་སྤོར་སྒྱུར་བཀོད་བྱས་ཏེ། མི་རེར་ལྟོ་དུས་རེར་ཚལ་རིན་སྒོར་6གི་ཚད་གཞི་ལྟར་སློབ་མ་ཚོར་རིན་པ་མི་དགོས་པར་དགུང་ཟས་སྟེར་ཞིང་། འདི་ནི་ཏའེ་མེའོ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ཟ་ཁང་དུ་སློབ་མ་ཚོས་དགུང་ཟས་ཟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།