འགག་སྒོ་སྒྲོལ་བའི་མྱུར་ཚད་མགྱོགས་སུ་བཏང་ནས་དར་གོས་ལམ་བུའི་ཞིམ་ཟས་ཀྲུང་གོའི་གསོལ་ལྕོག་ལ་མགྱོགས་མྱུར་བཏོན་པ།

འདི་ནི་ལས་མིས་སྡིག་སྲིན་གསོན་པོ་ཐུམ་སྒྲིལ་རྒྱག་བཞིན་པ།
འཁྱགས་རོམ་རྒྱ་མཚོ་བྱང་མར་ཤར་གཏོང་ཐུབ་པའི་རང་རྒྱལ་གྱི་སྐམ་སའི་བགྲོད་ལམ་གྱི་འགག་རྩའི་མཚམས་ཚིགས་ཤིག་ཡིན་པའི་ཤིན་ཅང་ཅི་མུའུ་ནེ་འགག་སྒོས་འགག་སྒྲོལ་ཞབས་ཞུ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལེགས་སུ་བཏང་བར་བརྟེན། ནུབ་བྱང་གི་ལྗོངས་དང་ཞིང་ཆེན་ལྔའི་ཟས་སྤྱོད་ཆུ་སྐྱེས་སྲོག་ཆགས་ཀྱི་ཚོང་དོན་ལྟེ་གནས་སུ་གྱུར་ཡོད། ཟས་རིགས་སོས་པ་ཡོང་ཆེད་ཅི་མུའུ་ནེ་འགག་སྒོས་སྔོན་ལ་ཞིབ་བཤེར་དང་མགྱོགས་མྱུར་གློད་ནས་འགག་སྒོ་སྒྲོལ་བའི་དུས་ཚོད་ཐུང་དུ་གང་ཐུབ་བཏང་སྟེ“འབྱོར་མ་ཐག་ཞིབ་བཤེར”ཐུབ་པར་བྱས་པས“དར་གོས་ལམ་བུའི་ཞིམ་ཟས”ཀྲུང་གོའི་གསོལ་ལྕོག་ལ་མགྱོགས་མྱུར་བཏོན་ཐུབ་ཡོད། 2025ལོར། འགག་སྒོ་དེ་ནས་ནང་འདྲེན་བྱས་པའི་སྡིག་སྲིན་གསོན་པོའི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་གཅིག་ལྷག་ཙམ་ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།