དབུ་ཤོག>པར་མཛོད།
  • གཅིག་གཏད་གཅིག་གི་སྒྲོག་འགྲེལ། སེམས་པ་མཐུན་པའི་ཞབས་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-21

    ཏང་གི་སློབ་གྲྭའི་ཏང་ཡོན་གྱིས་དཀའ་ངལ་ཡོད་པའི་གྲོང་མིའི་དུད་ཚང་30ལ་འཚམས་འདྲིའི་དངོས་པོ་སྤྲོད་བཞིན་པ།

    ཏང་གི་སློབ་གྲྭའི་ཏང་ཡོན་གྱིས་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་གྲོང་མིའི་ཁྱིམ་དུ་འཚམས་འདྲི་བྱེད་བཞིན་པ།

    ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་དུ་བཅའ་སྡོད་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་ལས་དོན་རུ་ཁག་གིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ་འཆད་ཁྲིད་དགེ་རྒན་སྒྲིག་འཛུགས་ཀྱིས་སྡེ་ཁུལ་གྱི་ལས་དོན་པ་དང་། ཏང་ཡོན། གྲོང་མིའི་འཐུས་མི་བཅས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ནང་དོན་གོ་བདེ་ཤེས་སླ་བ་དང་གཞི་རིམ་དང་འབྲེལ་བ་ཟབ་མོ་ལྡན་པས་གདེང་འཇོག་བཟང་པོ་ཐོབ་པ་རེད།

    བྱེད་སྒོ་སྤེལ་རིང་། ཏང་གི་སློབ་གྲྭའི་ཏང་ཡོན་གྱིས་ད་དུང་སྒོར་9150རང་གྲབས་བྱས་ཏེ་དཀའ་ངལ་ཡོད་པའི་གྲོང་མིའི་དུད་ཚང་30ལ་འབྲས་དང་། གྲོ་ཞིབ། སྣུམ་སོགས་འཚམས་འདྲིའི་དངོས་པོ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།