དབུ་ཤོག>པར་མཛོད།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-21

    ལྷ་སའི་འབབ་ཚུགས་ནུབ་མ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་སེར་མ་སྡེ་ཁུལ་དུ་གནས་པ་དང་དངོས་ཟོག་འཇོག་སའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་67ཟིན་ཞིང་། དེ་ནི་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཟོག་འདྲེན་འབབ་ཚུགས་ཤིག་རེད། ཉེ་བའི་ལོ་ཤས་རིང་། མེ་འཁོར་འབབ་ཚུགས་ཀྱི་ཟོག་འགྲུལ་སྐྱེལ་འདྲེན་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པས། ལྕགས་ལམ་གྱི་ལྷུ་ལག་ཁག་གཅིག་བརྡར་ཟད་སོང་ཡོད།

    ཉེན་ཁ་བསལ་ནས་དཔྱིད་གསར་སྐྱེལ་འདྲེན་རིང་གི་ལྕགས་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་ལ་འགན་ལེན་བྱེད་ཆེད། ཉེ་ཆར། མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུར་ཉམས་གསོ་བས་མགྱོགས་མྱུར་ལས་ཡུལ་དུ་བསྐྱོད་ནས་ཉམས་གསོ་བྱས་ཤིང་། ཉམས་གསོ་མཇུག་འགྲིལ་ཏེ་ཕྱོགས་ཡོངས་ནས་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། ལམ་ཐིག་དང་ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་ཀྱི་དམིགས་ཚད་ཁག་ཚང་མ་ལོན་ནས་བེད་སྤྱོད་བྱེད་པར་བདེ་བླག་ངང་རྩིས་སྤྲད་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།