དབུ་ཤོག>པར་མཛོད།>པར་མཁན།
  • “ཕུགས་བསམ”རྟགས་ཅན་གྱི་ཡུལ་སྐོར་མཚོ་གྲུར་འཆར་ཅན་ཉམས་བཟོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-20

    འདི་ནི་ཟླ་1ཚེས་7ཉིན“ཕུགས་བསམ”རྟགས་ཅན་གྱི་ཡུལ་སྐོར་མཚོ་གྲུ་ཆེ་གྲས་ཀྲུང་གོ་གྲུ་གཟིངས་ཚོགས་པ་ཆིང་ཏའོ་པེ་ཧའེ་གྲུ་གཟིངས་བཟོ་སྐྲུན་ཚད་ཡོད་ཀུང་སིའི་བཟོ་ཁུལ་དུ་ཉམས་བཟོ་བྱེད་བཞིན་པ། (མི་མེད་གནམ་གྲུས་པར་བརྒྱབ)

    མིག་སྔར“ཕུགས་བསམ”རྟགས་ཅན་གྱི་ཡུལ་སྐོར་མཚོ་གྲུར་ཀྲུང་གོ་གྲུ་གཟིངས་ཚོགས་པ་ཆིང་ཏའོ་པེ་ཧའེ་གྲུ་གཟིངས་བཟོ་སྐྲུན་ཚད་ཡོད་ཀུང་སིའི་བཟོ་ཁུལ་དུ་བརྒྱུད་རིམ་ལྡན་པའི་ངང་ཉམས་བཟོ་བྱེད་བཞིན་ཡོད་པ་རེད། “ཕུགས་བསམ”རྟགས་ཅན་གྱི་ཡུལ་སྐོར་མཚོ་གྲུ་ནི་དབྱི་ཐ་ལིའི་ཧྥིན་ཁན་ཏི་ཉི་གྲུ་གཟིངས་བཟོ་གྲྭ་ནས་ཐོན་པའི་ཐོ་བཀོད་ཏུན་གྲངས་ཁྲི་10.3ཟིན་པའི་ཡུལ་སྐོར་མཚོ་གྲུ་ཞིག་ཡིན་ལ། 2025ལོའི་ཟླ་12ཚེས་24ཉིན་ནས་བཟུང་འཆར་ཅན་ཉམས་བཟོ་བྱེད་འགོ་ཚུགས་ཡོད། འདི་ནི“ཕུགས་འདུན”རྟགས་ཅན་གྱི་གྲུ་གཟིངས་རྗེས་སུ་ཀུང་སི་དེས་ཉམས་བཟོ་བྱེད་འགན་འཁུར་བའི་ཡུལ་སྐོར་མཚོ་གྲུ་ཆེ་གྲས་ཉམས་བཟོ་བྱེད་པའི་རྣམ་གྲངས་གཉིས་པ་དེ་ཡིན་པ་དང་། དེའི་ཐོག་ནས་ཆིང་ཏའོ་ཡུལ་སྐོར་མཚོ་གྲུ་ཐོན་ལས་ཀྱི་ཞབས་ཞུའི་ནུས་པ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།