དོན་ཆུང་ཡག་པོ་བསྒྲུབས། དམངས་འཚོར་ཕན་པ་བཏགས།

འདི་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་རྩེ་པ་ཤང་སློབ་ཆུང་གཉིས་པའི་སློབ་ཕྲུག་ཚོ་དགའ་སྤྲོའི་ངང་གྲོང་སྡོད་ལས་དོན་རུ་ཁག་གིས་གསར་དུ་བསྐྲུན་པའི་ཟམ་པའི་ཐོག་སྐྱོད་བཞིན་པ།

འདི་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་རྩེ་པ་ཤང་བརྡ་ཆུ་གྲོང་ཚོའི་ལས་བྱེད་པས་མང་ཚོགས་དང་མཉམ་དུ་ཆུ་རྫིང་གཤོང་བཞིན་པ།
2025ལོ་ཚུན་དུ། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་རྩེ་པ་ཤང་བརྡ་ཆུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འཐུང་ཆུའི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་དམངས་འཚོའི་བྱ་བ་དངོས་ཨང་དང་པོའི་གྲས་སུ་བརྩིས་ནས་ཆེད་དོན་མ་དངུལ་སྒོར་ཁྲི་8.43བཏང་སྟེ་ཆུ་འགོ་གཙང་གསིང་དང་། མདོང་ལམ་ཉམས་བཟོ། ཆུ་རྫིང་གསར་བཟོ། ཁྲོན་པ་བདག་སྐྱོང་། ཆུ་འཚག་སྒྲིག་བཀོད་སྒྲིག་སྦྱོར་སོགས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པས། ཡུན་རིང་འཕྲད་པའི་འཐུང་ཆུའི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་སྟེ། དྭངས་གཙང་བདེ་འཇགས་ཀྱི“དམངས་འཚོའི་ཆུ”ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྲིད་པ་རེད། དེ་དང་ཆབས་ཅིག ཧ་ཁྲི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས“དམངས་ལ་བྱ་བ་དངོས་སྒྲུབ་པའི”གྲོན་དངུལ་སྒོར་76650བཏང་ནས་གྲོང་ཚོ་དེར་ལམ་སྒྲོན་35བསྒར་ཏེ་མཚན་མོའི་འགྲོ་ལམ་གསལ་གསལ་ཐིང་ཐིང་དུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།