སྐྱེ་ཁམས་སྲུང་སྐྱོང་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་བྱས་པ།

འདི་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ནགས་ལས་དང་རྩྭ་ཐང་སྡེ་ཚན་གྱི་ལས་དོན་པས་སྡོང་ཕྲུག་སྐྱེ་ཚུལ་ལ་ལྟ་བཞིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་གྱི་སྐྱེད་ཚལ་སྔོ་འགྱུར་ལས་དོན་པས་གྲོང་ཁྱེར་ནང་གི་ལྕང་མར་ཡལ་བཞུར་རྒྱག་བཞིན་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་པའི་རྩ་དོན་མཐའ་འཁྱོངས་ཀྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་སྤྱི་ཕན་ནགས་ཚལ་བདག་སྐྱོང་སོགས་ཀྱི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ཏེ་ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་འཇོག་བྱེད་ཚད་གཉིས་ཀ་འཕར་བར་སྐུལ་འདེད་བཏང་ཡོད། རིམ་ལྔའི་ནགས་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་བཙུགས་པ་བརྒྱུད། ནགས་ས་བེད་སྤྱོད་དོ་དམ་དང་ཐོན་ཁུངས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ནགས་ཚལ་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་བཀག་འགོག་ནུས་ལྡན་བྱས་ཡོད། སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་ནས་ཤིང་འབྲས་དང་སྨན་རྫས་སོགས་ཁྱད་ལྡན་ཐོན་ལས་ཁྱབ་གདལ་བཏང་སྟེ། སྐྱེ་ཁམས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ནས་ཞིང་འབྲོག་པ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད། མིག་སྔར། ལྗོངས་ཡོངས་སུ་ནགས་ཚལ་ཁེབས་ཚད་མུ་མཐུད་ཆེ་རུ་ཕྱིན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་ཁོར་ཡུག་སྔོ་འགྱུར་མང་དུ་སོང་བ་དང་མང་ཚོགས་ལ་ཕན་པ་ཐོབ་པའི་གཉིས་ཕན་གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།