དབུ་ཤོག>པར་མཛོད།
  • བོད་ལྗོངས་ལྷ་སར་འོད་ཤུགས་གློག་འདོན་གྱིས་ནུས་རྒྱུའི་གྲུབ་ཆ་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-17

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གནས་པའི་ཧྭ་གློག་སྟོད་ལུང་ཕྱུགས་འོད་གསབ་རེས་འོད་གསོག་རྣམ་གྲངས་ཀྱི་གློག་འདོན་འཕྲུལ་འཁོར་ཨ་མའི་གློག་འདོན་ཚད་200MWཟིན་གྱི་ཡོད་པ་དང་། 2025ལོའི་ཟླ་10ཚེས་18ཉིན་རྣམ་གྲངས་དེས་དངོས་སུ་དྲ་སྦྲེལ་གློག་གཏོང་བྱས་ནས་མིག་སྔའི་བར་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཁྲི་2900kWhཟིན་ཡོད། རྣམ་གྲངས་དེ་དང་མཉམ་དུ་བསྐྲུན་པའི་160MWhཡི་ལྷན་སྦྱར་ནུས་གསོག་མ་ལག་གིས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ལོའི་ཆ་སྙོམས་གློག་གཏོང་ཚད་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་10.65གྲོན་ཆུང་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་29.19ཉུང་དུ་བཏང་བ་དང་མཚུངས་ཤིང་། དེའི་ལྷན་སྦྱར་ནུས་གསོག་མ་ལག་གིས་མཚན་མོའི་ཆུ་ཚོད་4རིང་གློག་མཁོ་འདོན་བརྟན་པོ་ཐུབ་ཀྱི་ཡོད། འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་འོད་ཤུགས་གློག་འདོན་ར་བ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།